ཕྱི་འབྲེལ་པུས་ཐང་ཀར་མེ་རི་འཕྱུར་བར་རོགས་སྐྱོར་བྱེད་འདོད་ཡོད་ཟེར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-18



     ཚེས་16ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཐང་ཀར་མེ་རི་འཕྱུར་བའི་ཐད་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་དོན། ཀྲུང་གོ་ཕྱོགས་ཀྱིས་ཐང་ཀར་མེ་རི་འཕྱུར་བ་དང་འབྲེལ་མཚོ་ཡོམ་དང་མེ་རིའི་ཐལ་རྡུལ་སོགས་ཀྱི་གནོད་འཚེ་ཐོན་པར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཐང་ཕྱོགས་ཀྱི་རེ་བ་ལྟར་རང་ནུས་ཅི་ལྕོགས་ཀྱིས་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་འདོད་ཡོད། 
     གསར་འགོད་པ་ཞིག་གིས་དྲིས་དོན། ཟླ་1ཚེས་15ཉིན། ཐང་ཀ་མཚོ་ཁོངས་སུ་མེ་རི་བསྟུད་མར་འཕྱུར་བ་དང་འབྲེལ་མཚོ་ཡོམ་བརྒྱབ་ནས་ཐང་ཀར་གནོད་འཚེ་རང་བཞིན་གྱི་ཤུགས་རྐྱེན་ཐེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ། ཀྲུང་གོའི་སྤྱི་དམངས་ལ་འཆི་རྨས་བྱུང་ཡོད་དམ། 
     ཝང་ཝུན་པིན་གྱིས་བཤད་དོན། ཀྲུང་གོ་ཕྱོགས་ཀྱིས་ཐང་ཀར་མེ་རི་འཕྱུར་བ་དང་འབྲེལ་མཚོ་ཡོམ་དང་མེ་རིའི་ཐལ་རྡུལ་སོགས་ཀྱི་གནོད་འཚེ་ཐོན་པར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།    ཐང་ཀ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་འཕྲལ་དུ་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་ནས་ཕྱོགས་མང་པོ་ནས་ཀྲུང་གོའི་སྤྱི་དམངས་ལ་གནོད་འཚེ་ཕོག་ཚུལ་ཤེས་ཐབས་བྱས་ཀྱང་མིག་སྔར་ཀྲུང་གོའི་སྤྱི་དམངས་ལ་འཆི་རྨས་བྱུང་བའི་སྙན་ཞུ་འབྱོར་མེད། 
     “ཀྲུང་གོ་དང་ཐང་ཀ་རྒྱལ་ཁབ་གཉིས་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་ཐང་ཅ་སྲིད་གཞུང་དང་མི་དམངས་ལ་སྙིང་དབུས་ནས་གདུང་སེམས་མཉམ་སྐྱེ་དང་ལྷག་བསམ་ཟོ


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1