ཡུས་ཀྲེང་ཧྲེན་གྱིས་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བ་དང་བཞུགས་མོལ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-16


               ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེན་གྱིས་སྤྱི་ཚེས15ཉིན་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བ་གདན་ཞུ་གནང་ནས་བཞུགས་མོལ་གནང་ཞིང་། ལྷན་དུ་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུས་པ་མ་ཟད། ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཆོས་ལུགས་ལས་རིགས་མི་སྣ་དང་རྒྱ་ཆེའི་ཆོས་དད་མང་ཚོགས་རྣམས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།
              ཡུས་ཀྲེང་ཧྲེན་གྱིས། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱ་ཐབས་སྤྱད་དེ་ཆོས་ལུགས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་མཚམས་ཤིག་རིང་གི་ཆོས་ལུགས་ལས་དོན་སྤེལ་བའི་གལ་ཆེའི་ལས་འགན་ཞིག་ཡིན་ཞེས་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཁྱོན་ཡོངས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཆོས་ལུགས་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་ཏན་ཏིག་བྱེད་པ། ཆོས་ལུགས་ཚོགས་པས་རང་ངོས་འཛུགས་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་པ། ཆོས་ལུགས་ལས་རིགས་མི་སྣ་དང་ཆོས་དད་མང་ཚོགས་ནས་ནུས་པ་འདོན་སྤེལ་བྱེད་ཆེད་ཆ་རྐྱེན་ཧུར་ཐག་བསྐྲུན་དགོས། དཔྱིད་གསར་དུས་ཆེན་ཤར་ཉེར་ཡོད་པས། ཆོས་ལུགས་ཚོགས་པའི་དཀའ་ངལ་དང་ཆོས་དད་མང་ཚོགས་ཀྱི་འཚོ་བར་ཐུགས་ཁུར་བྱ་རྒྱུར་མཐོང་ཆེན་བྱས་ཏེ། ཁོང་ཚོའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་དང་། རྒྱ་ཆེའི་ཆོས་དད་མང་ཚོགས་རྣམས་དགའ་སྤྲོ་དང་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་ཐུབ་པ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་འདུག
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1