ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-19




   ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་ཚོགས་མགོ་འཚུགས།
ཕེང་ཆིང་ཧྭས་གསུང་བཤད་གནང་། ཧོང་ཆང་དང་ཝང་ཆང་སོགས་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུ། ཁོ་ཙུན་ཕིང་གིས་ལས་དོན་སྙན་ཞུ་ཕུལ།

   སྤྱི་ཟླ་དང་པོའི་ཚེས17ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་ཁྲེང་ཏུའུ་རུ་འཚོགས་པ་རེད།

   ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་དང་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཐེན་ཞང་ལི། ཀྲུའུ་ཞི་གཞོན་པ་ཚུའེ་པའོ་ཧྭ། ཆུས་མུའུ་ཧྲི་ཧ། ཀྲུང་མེན། ལི་ཁྲང་ཕིང། ཀྲའོ་ཀྲེན་ཞན། ཏུའུ་ཧོ་ཕིང་། ལིན་ཧྲུའུ་ཁྲེང་། ཨོ་དབྱང་ཙེ་ཧྭ། ཀྲུའུ་ཁྲུན་ཞིའུ། ལིའུ་ཁྲེང་མིང་། དབྱང་ཁེ་ཉིང་། དྲུང་ཡིག་ཆེན་མོ་ལན་ཁའེ་ཁྲི་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།

   ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་། ནུབ་རྒྱུད་འཐབ་ཁུལ་ཀྲུང་ཅང་དམག་སྤྱི་གཞོན་པ་དང་ནུབ་རྒྱུད་འཐབ་ཁུལ་མཁའ་དམག་གི་དམག་སྤྱི་གཅིག་ལྕོགས་ཝང་ཆང་སོགས་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་པ་དང་འབྲེལ་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད། 

   ད་ཐེངས་ཀྱི་ཚོགས་འདུའི་ནང་ཞུགས་དགོས་པའི་ཨུ་ཡོན874ཡིན་པ་དང་དངོས་སུ་ཞུགས་པའི་ཨུ་ཡོན782ཡོད་པས་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་པ་རེད། མགོ་ཚུགས་ཚོགས་འདུ་ཚུའེ་པའོ་ཧྭ་ཡིས་གཙོ་སྐྱོང་གནང་། སྔ་དྲོའི་ཆུ་ཚོད9པར་ཚུའེ་པའོ་ཧྭ་ཡིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་མགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། ཚང་མ་ཡར་ལངས་ནས་རྒྱལ་གླུ་ལེན། 

   ཚོགས་ཆེན་ཐོག་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

   ཁོ་ཙུན་ཕིང་གིས་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ལས་དོན་སྙན་ཞུ་ཕུལ་བ་རེད། སྙན་ཞུའི་ནང་བསྟན་དོན།2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བའི་ལོ་ཡིན་པར་བརྟེན། ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་དམིགས་བསལ་གྱི་དོན་སྙིང་ཡོད་པ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་ནས་ལོ་བརྒྱ་ཕྲག་དང་པོའི་འབད་འཐབ་དམིགས་འབེན་རྒྱལ་ཁའི་ངང་མངོན་འགྱུར་བྱུང་བ་དང་།བློ་སྟོབས་ཆེར་སྐྱེད་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད་པས།ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་འཕེལ་རིམ་ལྡོག་ཐབས་མེད་པ་ཞིག་ཏུ་སླེབས་ཡོད། ལོ་གཅིག་གི་རིང་ལ་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག། ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ནས། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན།སི་ཁྲོན་གྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཡོད། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྲིད་དོན་ལ་ཇུས་འདོན་དང་ངོས་འཛིན་གོང་བུར་གཅིག་ཏུ་འགྲིལ་རྒྱུ་ཕྱོགས་གཉིས་ལ་ཤུགས་རྒྱག་རྒྱུ་རྒྱུན་འཁྱོངས། ཞིང་ཆེན་ཏང་ཨུའི་ལྟེ་གནས་ལས་དོན་གང་དུ་སྐུལ་སྤེལ་གཏོང་ན།སྲིད་གྲོས་ཀྱི་འགན་འཁྲི་བསྒྲུབ་རྒྱུ་དེའི་རྗེས་སུ་བསྙེག་རྒྱུ་མཐའ་འཁྱོངས་བྱས་ཡོད། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་མྱོང་ཚོར་ཟབ་མོ་ཁྲོད་ནས་ཡིད་ཆེས་ཀྱིས་ཏང་གི་རྗེས་སུ་འབྲང་བ་དང་།“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མགོ་ཚུགས་དང་འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་ལམ་བུའི་ཐོག་སྲིད་གྲོས་ཀྱི་འགན་འཁྲི་གསར་པ་འཁུར་རོགས་བྱས་ནས་སི་ཁྲོན་བཅོས་སྐྱོང་དར་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་སྒོ་ཀུན་ནས་འཛུགས་སྐྱོང་བྱས་པར་བྱས་རྗེས་གསར་པ་བཞག་ཡོད།

   སྙན་ཞུའི་ནང་བསྟན་དོན། ལོ་གཅིག་གི་རིང་ལ།ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་དང་།ཡོངས་ཁྱབ་ཏུ་ངོས་འཛིན་གོང་བུ་གཅིག་ཏུ་འགྲིལ་རྒྱུའི་ལྟེ་གནས་ཀྱི་གནད་འགག་ཐུག་ས་འདི་དམ་འཛིན་བྱས་ནས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་མངོན་འགྱུར་བྱ་རྒྱུའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་རྒྱུ་གཙོ་གནད་དུ་བཟུང་ནས་སེམས་ཤུགས་གོང་བུར་གཅིག་ཏུ་བསྒྲིལ་ཡོད། ལོ་རྒྱུས་སྦྱངས་ན་གནས་ལུགས་རྟོགས།ལོ་རྒྱུས་སྦྱངས་ན་ཡིད་ཆེས་སྐྱེད། ལོ་རྒྱུས་སྦྱངས་ན་སྤྱོད་ཚུལ་ལ་བཀུར། ལོ་རྒྱུས་སྦྱངས་ན་ལག་ལེན་སྤེལ་བར་གཙོ་དམིགས་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་ཏན་ཏིག་ངང་སྤེལ་བ་དང་།རྒྱ་ཆེའི་ཨུ་ཡོན་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་དང་ཁྲིད་སྟོན་བྱས་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”ལག་ལེན་མཐའ་གཅིག་ཏུ་བསྟར་བའི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ།འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མཉམ་འདྲེས་བྱེད་པ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་བྱ་རྒྱུར་དམིགས་ནས“འཐབ་ཇུས་ཀྱི་སྣེ་ཁྲིད”ལ་གཙོ་དམིགས་བྱས་ཏེ་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། “སྒུལ་ཤུགས་ཨང་དང་པོར”དམིགས་ཏེ་གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུར་སྐུལ་འདེད་གཏོང་བ། “ཉེན་ཁ་འགོག་ཟོན”ལ་དམིགས་ཏེ་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་ཟོན་ཚོད་འཛིན་དང་ཉེན་མེད་ཐོན་སྐྱེད་ལ་གཞོགས་འདེགས་བྱས་པ། “འབྱུང་འཕྲོད་འཕེལ་རྒྱས”ལ་དམིགས་ནས་མཛེས་སྡུག་ལྡན་པའི་སི་ཁྲོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། “འཕྲལ་ཚེགས་ཁྲལ་འདུན”ལ་གཙོ་དམིགས་བྱས་ཏེ་མང་ཚོགས་ཀྱི་སེམས་ཁྲལ་དང་སེམས་ཁྲལ་སེལ་རོགས་བྱས་ནས་སེམས་ཁྲལ་དང་སེམས་ཁྲལ་བྱེད་པའི་དོན་དག་ལ་སེམས་ཁྲལ་བྱེད་པ་དང་།ཐབས་འདོན་ཇུས་འདོན་གྱི་གྲུབ་འབྲས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ།ཐུན་མོང་གི་ངོས་འཛིན་གོང་བུར་གཅིག་ཏུ་བསྒྲིལ་ནས་ཕན་འབྲས་གསར་པ་ཐོབ་པ་བཅས་བྱས་པ་ཡིན། ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་“དོན་དག་ཡོད་ན་གྲོས་མོལ་བྱེད་པའི”ལས་ཀ་དང“དབུལ་ཐར་སྲ་བརྟན་དུ་གཏོང་རོགས།ཡུལ་སྡེ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི”ཆེད་དོན་བྱེད་སྒོ་དམ་འཛིན་བྱེད་སར་བྱས་ནས་ཚོང་རྟགས་གྲགས་ཅན་བཏོད་པས། སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པའི་ཁྱད་ཆོས་སྔར་བས་མངོན་གསལ་དོད་པོར་གྱུར་ཡོད། ཏང་གིས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱག་རྒྱུ་རྩ་བའི་འགན་ལེན་དུ་འཛིན་པ་དང་།སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་དང་ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་བ་ཡིན། 

   སྙན་ཞུའི་ནང་བཏོན་དོན། ད་ལོའི་ཞིང་ཆེན་སྲིད་གྲོས་ཀྱི་ལས་དོན་ལེགས་པོར་བསྒྲུབ་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ། “འདུ་ཤེས་བཞི་”ཇེ་དྲག་ཏུ་གཏོང་བ་དང་།“གདེང་ཚོད་བཞི་”སྲ་བརྟན་གཏོང་བ།“སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་བྱས་ནས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ལ་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་ཐད་ཡར་རྒྱས་གསར་པ་ཐོབ་པ་དང་།ཐབས་འདོན་ཇུས་འདོན་དང་ཐུན་མོང་གི་ངོས་འཛིན་གོང་བུར་གཅིག་ཏུ་བསྒྲིལ་བའི་ཕྱོགས་གཉིས་པོས་ནུས་པ་འདོན་རྒྱུའི་ཐད་བྱས་རྗེས་གསར་པ་འཇོག་པ།བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་རིང་གྲུབ་འབྲས་གསར་པ་ཐོབ་པ།འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བའི་ཐད་འཕེལ་རྒྱས་གསར་པ་ཐོབ་པ།རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཁྲོད་ཉམས་འགྱུར་གསར་པ་མངོན་པ་དང་རྣམ་པ་གསར་པ་གཏོད་དགོས།


        ཀྲའོ་ཀྲེན་ཞི་ཡིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ།ཚོགས་ཆེན་ལ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྱི་གྲོས་འཆར་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ་དང་།  ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྲོས་འཆར་ཁྱོན་བསྡོམས1268འབྱོར་བ་དང་།ཞིབ་བཤེར་བྱས་པབ་བརྒྱུད་གྲོས་འཆར1097ཐོ་འགོད་བྱས་པ་དང་།2021ལོའི་སྤྱི་ཟླ་12པའི་ཚེས31ཉིན་བར་གྲོས་འཆར1095སྒྲུབ་གཉེར་བྱས་ནས་ལན་འདེབས་ཡོད་པ་རེད། 

   ཕེང་ཆིང་ཧྭ་ཡིས་ཚོགས་འདུའི་ཐོག་གསུང་བཤད་གནང་བ་དང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཚབ་མཛད་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཤིང་། སྲིད་གྲོས་ཀྱི་ཨུ་ཡོན་དང་ཚོགས་ཞུགས་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་བ་རེད།  

   ཁོང་གིས་བསྟན་དོན། འདས་མ་ཐག་པའི2021ལོ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་ཁྲོད་གསར་གཏོད་ཡང་དག་དང་དུས་རབས་ཀྱི་འཕེལ་ཕྱོགས་ལ་བློ་གདེང་བྱེད་པའི་ཁྲོད་འགན་འཁྲི་འཁུར་ཕོད་པའི་ལོ་ཞིག་ཡིན་ལ།ང་ཚོས་ཏང་གི་ལོ་བརྒྱའི་ལོ་རྒྱུས་ལ་རྟེན་འབྲེལ་གཟབ་རྒྱས་ཞུས་ཏེ་ཕྱོགས་ཡོངས་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱས་ནས་རྒྱལ་ཡོངས་དང་ཅིག་ཅར་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་རྒྱལ་ཁའི་ངང་བཏོད་ཡོད།

   ལོ་འདིར་ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོ་ཏན་ཏིག་སྤེལ་བ། རིམས་ནད་འགོག་ཟོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ལ་སྐུལ་འདེད་གཏོང་བ་དང་།ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རྒྱུན་ཆད་མེད་པར་བཅོས་བསྒྱུར་སྒོ་འབྱེད་བྱེད་རྒྱ་ཆེ་རུ་གཏོང་བ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏང་རྒྱུ་དེ་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པ། དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་དུ་ཇེ་དྲག་གཏོང་ཤུགས་ཆེ་རུ་བཏང་བ།ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་ཏུ་བཏང་ནས“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མགོ་ཡག་པོ་ཞིག་འཛུགས་ཐུབ་ཡོད།

   འདས་པའི་ལོ་གཅིག་ལ་ཕྱིར་མིག་བལྟས་ཚེ།འབད་འཐབ་ལ་དཀའ་སྤྱད་ཀྱིས་ཁེངས་ཤིང་གྲུབ་འབྲས་ནི་ཐོབ་སླ་པོ་ཐོབ་ཞིག་མ་རེད།  གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱིས་མགོ་ཁྲིད་དང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན།ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་དངོས་སྒྲུབ་བྱས་པའིའབྲས་བུ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་བློ་གྲོས་དང་སྟོབས་ཤུགས་གོང་བུར་གཅིག་ཏུ་བསྒྲིལ་བ་རེད། 

   ཕེང་ཆིང་ཧྭ་ཡིས་བསྟན་དོན། 2022ལོ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྱོང་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བསྐྱོད་དེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་པའི་གལ་ཆེའི་ལོ་ཞིག་ཡིན་པར་བརྟེན། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་བསུས་ནས་ལས་དོན་ཁག་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་པ་རེད། འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་དང་དུས་རབས་གསར་པ་གཏོད་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་སྒོ་ཀུན་ནས་འཛུགས་སྐྱོང་བྱེད་པར་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་འབད་འཐབ་བྱ་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ “ཁྱོན་ཡོངས་ཆེན་པོ་གཉིས་”སེམས་ལ་འཛིན་པ་དང “བསམ་བློའི་ངོས་འཛིན་གྱི་གནས་བབ་དང་མཐོ་ཚད་ཀྱི་གནད་དོན” སེམས་ལ་འཆང་བ།“གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ་ཏན་ཏིག་གིས “འདུ་ཤེས་བཞི”ཇེ་དྲག་དང་།“གདེང་ཚོད་བཞི”སྲ་བརྟན།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བྱེད་པ་དང་། ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེའི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ།བརྟན་པོ་ཡོང་རྒྱུ་ཨང་དང་པོར་འཇོག་པ་དང་བརྟན་ཐོག་ཡར་འཕེལ་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ།དེ་བས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཐོག་ནས་དུས་རབས་གསར་པའི་སི་ཁྲོན་དང་སི་ཁྲོན་བཅོས་སྐྱོང་དར་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ།རྒྱུགས་སྤྲོད་པའི་ལམ་བུ་གསར་པའི་ཐོག་རྒྱལ་ཁ་དང་གཟི་བརྗིད་གསར་པ་ཐོབ་པར་བརྩོན་ལེན་བྱ་དགོས། 

   ཕེང་ཆིང་ཧྭ་ཡིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་རིམ་པ་ཁག་གི་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་ལོ་རྒྱུས་ཀྱི་ལས་འགན་བློ་གདེང་བྱས་ཏེ་འགན་འཁྲི་ནན་ཏན་སྒྲུབ།མི་དམངས་ཀྱི་འདོད་བློ་བསམ་ཚུལ་བློ་གདེང་བྱས་པར་བརྟེན།ཐུན་མོང་གི་ངོས་འཛིན་གོང་བུར་སྔར་ལས་ལེགས་པར་འགྲིལ་བ།དུས་རབས་གསར་པར་རང་རེའི་ཞིང་ཆེན་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་གཏོད་པར་འབད་བརྩོན་བྱས་ཏེ།སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་སི་ཁྲོན་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་ཕྱིར་བློ་རིག་གི་སྟོབས་ཤུགས་སྔར་ལས་མང་བ་འདུས་ཐབས་བྱ་དགོས། ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ།སྲོག་ཤིང་གི་གནས་བབ་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ།སྲོག་ཤིང་གི་དབང་གྲགས་སྲུང་སྐྱོང་བྱེད་པ།སྲོག་ཤིང་གི་རྗེས་སུ་དམ་པོར་འབྲངས་ནས་འབད་འཐབ་བྱེད་པ་བཅས་བྱས་ནས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་དེ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་ནས་མདུན་སྐྱོད་བྱ་རྒྱུར་འགན་ལེན་བྱ་དགོས། བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་ལག་ལེན་བསྟར་རྒྱུ་ལ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་གྲོས་མོལ་དམངས་གཙོ་དེ་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོའི་ནང་རང་རྟོགས་ངང་ཁྱབ་པ་བྱས་ནས་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོའི་ཁྲོད་ཀྱི་མི་དམངས་སྲིད་གྲོས་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་དགོས། ལྟེ་གནས་ཁྱོན་ཡོངས་ལ་དམིགས་ཏེ་རང་འགན་གཙང་སྒྲུབ་བྱ་རྒྱུར་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་གྲོས་མོལ་གྱི་གྲོས་གཞི་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། ཀུན་གྱི་བློ་གྲོས་གཅིག་ཏུ་བསྡུས་ནས་ཐབས་ཇུས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུས་ནས་ཐབས་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏང་དགོས། དམངས་ཀྱི་དོན་དུ་གྲོས་མོལ་དང་དམངས་ཀྱི་དོན་དུ་གྲོས་མོལ་བྱ་རྒྱུར་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་ནན་ཏན་བསྟར་ནས།དམངས་འཚོའི་བདེ་སྐྱིད་ཇེ་དྲག་དང་ཐུན་མོང་ཐོག་ཕྱུག་པོར་ཆགས་པར་སྐུལ་འདེད།དམངས་གཙོས་ལྟ་སྐུལ།བློ་གྲོས་དང་ནུས་ཤུགས་འདོན་སྤེལ་ཧུར་ཐག་བྱས་ནས་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་མངོན་འགྱུར་ཡོང་བ་བཅས་བྱེད་པར་དམིགས་ནས་ཐུན་མོང་ཐོག་འབད་བརྩོན་བྱ་དགོས། སྲིད་དོན་ལ་ཇུས་འདོན་དང་ཐུན་མོང་གི་ངོས་འཛིན་གོང་བུར་གཅིག་ཏུ་སྒྲིལ་རྒྱུའི་ཕྱོགས་གཉིས་ནས་ཤུགས་སྣོན་རྒྱག་རྒྱུར་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག། མཐུན་པ་གཅིག་སྒྲིལ་བྱས་ནས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏང་དགོས། ཨུ་ཡོན་རྣམ་པས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་ཆེད་དུ་འགན་ནུས་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི་བརྩེ་སེམས་བརྟན་པོར་བཅངས་ནས་ཆབ་སྲིད་ཀྱི་མཚན་སྙན་ལ་གཅེས་སྤྲས་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ནང་ཞུགས་མཁན་དང་། ལག་ལེན་བསྟར་མཁན། སྐུལ་འདེད་གཏོང་མཁན་བཅས་ཡག་པོ་བྱས་ཏེ་འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་ལམ་བུའི་ཐོག་སྲིད་གྲོས་ཨུ་ཡོན་གྱི་དུས་རབས་ཀྱི་ཉམས་འགྱུར་མངོན་རྒྱུའི་རེ་བ་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་ཨུས་སྲིད་གྲོས་ཀྱི་ལས་དོན་ལ་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྲིད་གྲོས་ཀྱི་ལས་དོན་དེ་ཁྱོན་ཡོངས་ཀྱི་ལས་ཀའི་གནས་བབ་གལ་ཆེན་ཐོག་བཞག་སྟེ་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་ཚོར་རང་འགན་གཙང་སྒྲུབ་བྱ་རྒྱུར་འགན་ལེན་བྱ་དགོས། སྲིད་གྲོས་ཀྱི་ཏང་ཙུའུ་རིམ་པ་ཁག་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། ཁ་ཕྱོགས་དང་ཁྱོན་ཡོངས། དོན་འཁྱོལ་བཅས་ལ་འགན་ལེན་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཀྲུང་དབྱང་གི་སྲིད་ཇུས་དང་བྱེད་ཕྱོགས་གནད་ཆེ་བ་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་རྣམས་སྲིད་གྲོས་ལས་དོན་གྱི་བརྒྱུད་རིམ་ཡོངས་ཀྱི་ཕྱོགས་གང་ཅིའི་ཐད་ཆད་ལུས་མེད་པར་ལག་ལེན་མཐར་ཕྱིན་བསྟར་བར་འགན་ལེན་ཏན་ཏིག་བྱ་དགོས།


   ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱི་མགོ་ཁྲིད་བློ་མཐུན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་མགོ་འཛིན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་མགོ་འཛིན། སི་ཁྲོན་དུ་བཅའ་སྡོད་བྱེད་མཁན་དཔུང་སྡེའི་མགོ་ཁྲིད་བློ་མཐུན། སི་ཁྲོན་དུ་བཅའ་སྡོད་བྱེད་མཁན་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཨུ་ཡོན། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག(སྡེ་ཚན)གྱི་འགན་འཁུར་བ། སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཨུ་ཡོན་མིན་པའི་གྲོང་ཁྱེར་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུའི་པུའུ་ཀྲང་དང་། ཞིང་ཆེན་སྲིད་གྲོས་ལས་ཁུངས་དང་ཐིང་རིམ་པའི་ལས་བྱེད་པ། སྤུན་ཟླ་ཐའེ་ཝན་བ་དང་ཕྱིར་སྡོད་རང་མི་ཁག་གཅིག་སོགས་གདན་ཞུས་ལྟར་མགོ་ཚུགས་ཚོགས་འདུར་ཞུགས་པ་མ་ཟད། རིམས་ནད་འགོན་ཟོན་རྐྱེན་གྱིས་ས་ཁོངས་ཕྱི་རོལ་དུ་སྡོད་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཤང་ཀང་དང་ཨའོ་མོན་གྱི་ཨུ་ཡོན33གྱིས་དྲ་ཐོག་ལས་སྟེགས་བརྒྱུད་ནས་འགན་འཁྲི་བསྒྲུབས་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1