གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༢ཚེས་༢༣ཉིན།

ལོ་བ་ཞོལ་མ་སྡེ་བས་སློབ་གསོའི་རོགས་སྐྱོར་གྱི་རིག་རྩལ་སྤྲོ་ཚོགས་བསྡུས་པ།

ལོ་བ་ཞོལ་མ་སྡེ་བའི༼རྒན་བཀུར་བྱིས་སྐྱོང༽སློབ་གསོའི་རོགས་སྐྱོར་གྱི་རིག་རྩལ་སྤྲོ་ཚོགས།

ལོ་ལོན་རྒན་པ་རྣམས་ལ་ལོ་གསར་གྱི་ལེགས་སྐྱེས་འབུལ་བཞིན་པ།
ཕ་ཨ་ཁུའི་སྐུ་ཚེ་བརྟན་པར་ཤོག
      སྤྱི་ཟླ2པའི་ཚེས22ཉིན། མང་རྫོང་མང་ར་ཡུལ་ཚོའི་ལོ་བ་ཞོལ་མ་སྡེ་བ་ནས་སློབ་གསོའི་རོགས་སྐྱོར་ཚོགས་པས་རིག་རྩལ་སྤྲོ་ཚོགས་ཤིག་བསྡུས་པ་རེད། སྤྲོ་ཚོགས་འདི་ནི་སྡེ་བ་འདིའི་སློབ་གསོའི་རོགས་སྐྱོར་ཚོགས་པས་མཐོ་འབྲིང་ཡན་གྱི་སློབ་མར་སློབ་དངུལ་རོགས་སྐྱོར་བྱེད་པ་གཙོ་བཟུང་ནས། ལོ་རེའི་ལོ་གསར་གྱི་ཚེས4ལ་སྡེ་མི་ཀུན་འཛོམས་ནས་སློབ་གསོའི་རོགས་དངུལ་གྱི་ཆོ་ག་དང་རིག་རྩལ་བྱ་འགུལ་མཉམ་སྡེབ་ཀྱིས་སྤེལ་བའི་སྡེ་བ་རང་བཞིན་གྱི་རིག་རྩལ་སྤྲོ་ཚོགས་ཤིག་ཡིན།

ཐེངས་འདིའི་སྤྲོ་ཚོགས་ཀྱི་མདོ་འཛིན་པ་ཆུང་ཆུང་དོན་གྲུབ་ཚེ་རིང་དང་སྲས་མོ་སྐྱིད་གཉིས།

ཉམས་འགྱུར་སྟོང་གིས་ཕྱུག་པའི་བྱིས་པ་ཆུང་ཆུང་ཚོ།

གླུ་བ་ཆུང་ཆུང་རྟ་མགྲིན་དབང་རྒྱལ་གྱིས་སྙན་མོ་དབྱངས་ལ་འགུག་བཞིན་པ།

དགོད་ཁ་འཆོར་བའི་བཞད་གར་འཁྲབ་སྟོན།

འུ་སྤུན་ཟླ་ཆ་བོ་གར་ལ་འགྲོ།

གླུ་ཤགས་ལ་འགྲོ་ན་ཤགས་ལ་འགྲོ།

གར་གྱི་སྟངས་སྟབས་ངོམ་པའི་ན་ཆུང་གི་ཚོགས།
ཤོམ་ལྭ་གྱོན་པའི་ལྟད་མོ་བའི་ཚོགས།
      ལོ་བ་ཞོལ་མ་སྡེ་བའི་སློབ་གསོའི་རོགས་སྐྱོར་ཚོགས་པ་ནི2010ལོའི་སྤྱི་ཟླ1པོའི་ཚེས20ཉིན་དངོས་སུ་བཙུགས་ཤིང་། སྡེ་དམངས་ཨུ་ཡོན་ལྷན་ཁང་ནས་རྩ་འཛུགས་ཀྱིས་སྡེ་བའི་ལོ་ལོན་བསམ་ཤེས་དང་ན་གཞོན་ཤེས་རྒྱ་ཅན་རེ་འགའ་ནས་འགན་དང་ལེན་གྱིས་རང་སྡེ་བའི་མཐོ་འབྲིང་སློབ་མ་དང་འབྲིང་རིམ་ཆེད་སྦྱོང་སློབ་མ། སློབ་ཆེན་སློབ་མ་དང་ཞིབ་འཇུག་སློབ་མ། ཕྱི་འགྲིམས་སློབ་མ་གཙོ་བྱས། གཞན་ལོ་ན་བདུན་ཅུ་ཆགས་པའི་ལོ་ལོན་རྒན་པ་དང་དབང་བོ་སྐྱོན་ཅན། སློབ་མ་དཀའ་ངལ་ཅན་ལ་རོགས་སྐྱོར་བྱེད་པའི་ཚོགས་པ་ཞིག་ཡིན།
ཐེངས་འདིར་རོགས་སྐྱོར་ཐོབ་པའི་སློབ་ཆེན་སློབ་མ།

ཐེངས་འདིར་རོགས་སྐྱོར་ཐོབ་པའི་སློབ་མ་སྐོར་ཅིག

ཐེངས་འདིའི་རིག་རྩལ་འཁྲབ་སྟོན་དགེ་རྒན་དང་འཁྲབ་སྟོན་པ་ཡོངས།
      ཚོགས་པ་འདི་བཙུགས་ཚུན་གྱི་ལོ་ངོ་བཞིའི་ནང་དུ། སློབ་ཆེན་སློབ་མ67དང་། འབྲིང་རིམ་ཆེད་སྦྱོང་སློབ་མ40  མཐོ་འབྲིང་སློབ་མ109  ལོ་ལོན126  དབང་བོ་སྐྱོན་ཅན12   སློབ་མ་དཀའ་ངལ་ཅན1བཅས་ལ་ཁྱོན་བསྡོམས་མ་དངུལ་སྒོར77895ལྷག་གིས་རོགས་སྐྱོར་བྱས་པ་རེད། ད་ལོར་ཡང་སློབ་ཆེན་སློབ་མ22ལ་མི་རེར་སྒོར450དང་། འབྲིང་རིམ་ཆེད་སྦྱོང་སློབ་མ13ལ་མི་རེར་སྒོར400   མཐོ་འབྲིང་སློབ་མ30ལ་མི་རེར་སྒོར350   ལོ་ལོན་རྒན་པ34ལ་མི་རེར་སྒོར50བཅས་ལ་ཁྱོན་བསྡོམས་མ་དངུལ་སྒོར27300ཡིས་རོགས་སྐྱོར་བྱས་པ་དང་འབྲེལ། ན་ཆུང་སློབ་མ་རྣམས་ཀྱིས་གླུ་དང་གར། རྩེད་རིག དཀྲོལ་ལེན། ཁ་ཤགས་སོགས་རིག་རྩལ་སྣ་མང་འཁྲབ་སྟོན་བྱས་ཏེ་ཡུལ་མི་རྣམས་ལ་ལོ་སར་གྱི་སྤྲོ་བ་འབུམ་ཕྲག་སྦྱིན། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1