མདོ་སྨད་སྒར་རྙིང་སྡེ་བས་འབྲོག་དམངས་ཡིག་རྨོངས་སེལ་བའི་འཛིན་གྲྭ་སྐབས་བཞི་བ་བསྡུས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22



མདོ་སྨད་སྒར་རྙིང་སྡེ་བའི་རྨོངས་སེལ་འཛིན་གྲྭ་སྐབས་བཞི་བ་བསྡུས་པའི་བཀྲ་ཤིས་རྟེན་འབྲེལ།


སློབ་ཁྲིད་ཀྱི་ཡུལ་དངོས།
སློབ་ཁྲིད་ཀྱི་ཡུལ་དངོས།
      མདོ་སྨད་སྒར་རྙིང་སྡེ་བ་ནི་ཀན་སུའུ་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་ཆགས་ཡོད་ཅིང་། ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ལྷ་མོ་གྲོང་བརྡལ་གྱི་ཁོངས་གཏོགས་ཡིན། དེ་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་འབྲོག་ཁུལ་ཞིག་ཡིན། ལོ་འགའི་སྔོན་ལ་འདི་གའི་སློབ་ཆེན་སློབ་མ་སྐོར་ཅིག་གིས་ལྷག་བསམ་གཙང་མའི་མགོ་འཛིན་འོག མ་འོངས་པར་རང་གི་བུ་ཕྲུག་གི་སློབ་གསོ་དང་སྡེ་མགོ་འཛིན་པ། རང་གི་འཚོ་བར་སྟབས་བདེ། བོད་མི་ཞིག་ཡིན་པའི་འོས་འགན་དང་དུ་ལེན་པ་བཅས་ལ་དམིགས་ནས།2009ལོ་ནས་བཟུང་བསྟུད་མར་ལོ་གསུམ་ལ་འབྲོག་དམངས་ཀྱི་ཡིག་རྨོངས་སེལ་བའི་འཛིན་གྲྭ་བསྒྲུབས་པས། སྤྱིའི་ཆ་ནས་སྡེ་བ་འདིའི་ཡིག་རྨོངས་ཀྱི་གནས་བབ་ཡོངས་སུ་སེལ་ཡོད། ད་ལོ་ཡང་ཁོ་ཚོའི་རེ་འདུན་ཡང་ཡང་ཞུས་མཐར། ངེད་སྡེ་བའི་སློབ་འབྲིང་དགེ་རྒན་གཉིས་ཀྱིས་གུང་གསེང་གི་དུས་ཚོད་སྤྱད་དེ། བོད་ཤིང་མོ་ལུག་གི་ལོ་སར་ཚེས་གཅིག་གི་དགོང་མོར་རྟེན་འབྲེལ་གྱིས་སློབ་ཁྲིད་ཀྱི་མགོ་ཚུགས་པ་རེད། རེབ་འདིའི་འབྲོག་དམངས་ཡིག་རྨོངས་སེལ་བའི་འཛིན་གྲྭར་སློབ་མ23ལྷག་མཆིས་ཤིང་། མང་ཆེ་བ་ནི་སྐབས་སྔོན་མའི་སློབ་མ་དག་ཡིན་ལ། ཚང་མ་སློབ་སྦྱོང་གི་གོ་སྐབས་ཤོར་བའི་རྫི་བོ་ཤ་སྟག་ཡིན། དེ་ལའང་རྨང་གཞིའི་རབ་འབྲིང་ལྟར། འཛིན་གྲྭ་གཉིས་སུ་བགོས་ཏེ་བོད་ཡིག་ཁོ་ན་ཁྲིད་ཀྱི་ཡོད། འདི་ནི་བོད་ཤིང་མོ་ལུག་གི་ལོར་མདོ་སྨད་སྒར་རྙིང་སྡེ་བས། གནམ་ལོ་གསར་བའི་ནང་བོད་པ་ཚང་གི་སྲིད་འབྱོར་རིག་གསུམ་དབྱར་མཚོ་བཞིན་རྒྱས་པའི་བཀྲ་ཤིས་ལྷ་དར་དཀར་པོ་ཞིག་གི་དོད་དུ་ཕུལ་བ་དགེ་ལེགས་འཕེལ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1