ཁམ་ཕུ་ཁྲེར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ལ་ཁམ་ཕུ་ཁྲེའི“ཞི་བདེའི་རྟ་པའི་བྱས་རྗེས་གཟེངས་རྟགས”ཐོབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-20



 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་ནོམ་ཕེན་ནས་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་གཞོན་པ་རྒྱལ་སྲུང་བློན་ཆེན་གཅིག་ལྕོགས་ཏིས་པན་གྱིས་རྒྱལ་ས་ཕ་ནོམ་ཕེན་གྱི་རྒྱལ་སྲུང་པུའི་ཐོག་ཁང་ཆེ་མོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཁག་16པའི་ཁམ་ཕུ་ཁྲེར་རོགས་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ལ་བྱས་རྗེས་གཟེངས་རྟགས་སྤྲད་པ་དང་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཁམ་ཕུ་ཁྲེའི་ཝང་ཅ་ཅུན་སྨན་ཁང་ལ་ཏོག་གསར་རིམས་ནད་སྔོན་འགོག་བྱེད་རྒྱུར་གཞོགས་འདེགས་བྱེད་པའི་ཐད་ཕུལ་བའི་ལེགས་སྐྱེས་ལ་གཟེངས་བསྟོད་བྱས་པ་རེད། ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཝུན་ཐན་དང་གཞུང་ཚབ་ཆེ་མོ་ཁང་དམག་བློན་ཁྲུའི་དམག་བློན་གཞོན་པ་ཀྲུའུ་ཧྲོའེ་ཧྥེ་སོགས་ཞུགས་ཡོད་པ་རེད།
     ཏིས་པན་གྱིས་ས་གནས་ས་ཐོག་ཏུ་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི་ཤིན་ལེ་དང་། ཝུའུ་ཅན་ཅིན། ཀྲའོ་ཧའེ་ནན། ཝུའེ་ལེ་ཤིན་བཅས་ལ“ཞི་བདེའི་རྟ་པའི་བྱས་རྗེས་གཟེངས་རྟགས”བཏགས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1