གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༡ཚེས་༢༡ཉིན།

རྒྱལ་ཁབ་འདིའི་ཙུང་ཐུང་དང་པུའུ་ཀྲང་ལ་ཁྲིམས་ཆད་བཅད་འདུག

 
     ཨེར་ཅི་ལི་ཡའི་ས་གནས་ཁྲིམས་ཁང་ཞིག་གིས་ས་གནས་དེ་གའི་དུས་ཚོད་ཚེས་19ཉིན། རྒྱལ་ཁབ་འདིའི་ཙུང་ཐུང་སྔོན་མ་སའེ་ལ་ལེར་ལོ་4ཡི་བཙོན་འཇུག་དང་ཆུའི་ཐོན་ཁུངས་ཀྱི་པུའུ་ཀྲང་སྔོན་མ་ནེ་ཞི་པུའུ་ལ་ལོ་5ཡི་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་དང་འབྲེལ་སོ་སོར་ཏི་ནར་སྒོར་ཁྲི་100(ཧ་ལམ་མི་དམངས་ཤོག་སྒོར་ཁྲི་4.5ཙམ)ཡི་དངུལ་ཆད་ཀྱང་བཅད་ཡོད་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། སའེ་ལ་ལེ་དང་ནེ་ཞི་པུའུ་གཉིས་ལྐོག་རྔན་ལེན་པའི་རུལ་སུངས་ཀྱི་གྱོད་གཞི་ཞིག་གི་ནང་དུ་ཚུད་པས་གཏུག་བཤེར་བྱས་པ་རེད། ཁོ་གཉིས་ཀྱིས་ལས་འགན་འཁུར་རིང་ཆུ་བེད་ལས་གྲྭའི་གན་རྒྱ་ཞིག་ལྐོག་ཏུ་ཨ་མོན་ཞི་ཏེ་ཚོགས་པ་ཀུང་སིར་སྤྲད་ཡོད་པ་ལས་དེ་མཚུངས་ཀྱི་སུ་འཇོན་དེ་འགུག་གི་གོ་རིམ་བརྒྱུད་མེད་པ་རེད། གྱོད་གཞི་འདི་དང་འབྲེལ་བ་ཡོད་པའི་མི་སྣ་གཞན་དག་ལའང་དུས་གཅིག་ཏུ་ཁྲིམས་ཆད་བཅད་ཡོད་པ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1