གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༡ཚེས་༢༦ཉིན།

དབྱངས་ཅན་ལྷ་མོར་པེ་ཅིང་དགུན་དུས་ཨོ་རྩལ་གྱི་འགྲན་ཞུགས་ཐོབ་ཐང་རག་འདུག

    ལོ་18ཡིན་པའི་རྐྱང་ལེབ་གངས་ཤུད་ལུས་རྩལ་པ་བོད་ལྗོངས་ཀྱི་བུ་མོ་དབྱངས་ཅན་ལྷ་མོར་ད་ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་ཐོབ་ཐང་རག་ཡོད་ཅིང་། མིག་སྔར་ཁོང་ནི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་འཐུས་ཐོབ་ཐང་རག་པའི་བོད་ལྗོངས་ཀྱི་ལུས་རྩལ་པ་དང་པོ་ཡིན་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་1པོའི་ཚེས་9ཉིན་གཉེར་བའི་སྤྱི་ལོ་2021ལོ་དང་སྤྱི་ལོ་2022ལོའི་རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྐྱང་ལེབ་གངས་ཤུད་འགག་གྲོལ་རྗེས་སྙེག་གི་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་ཨུ་རུ་སུའི་ས་ཚིགས་སུ། དབྱངས་ཅན་ལྷ་མོར་འདྲ་གཤིབ་ཨང་17པའི་གྲུབ་འབྲས་ཐོབ་ནས། རྣམ་གྲངས་འདིའི་འཛམ་གླིང་བུམ་པའི་འགྲན་བསྡུར་ཁྲོད་ཀྲུང་གོའི་བདམས་ཐོན་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད་པ་རེད།《རྐྱང་ལེབ་གངས་ཤུད་འགག་གྲོལ་རྗེས་སྙེག་རྣམ་གྲངས་ཀྱི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པའི་གདམ་གསེས་བྱ་ཐབས》ཀྱི་གཏན་འབེབས་གཞིར་བཟུང་། དབྱངས་ཅན་ལྷ་མོར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་ཐོབ་ཐང་རག་པ་རེད། 
   2004ལོའི་ཟླ་1པོའི་ཚེས་1ཉིན་སྐྱེས་པའི་དབྱངས་ཅན་ལྷ་མོ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་ཕུ་རོང་གྲོང་ཚོ་ནས་ཡིན་པ་དང་། ད་ལོ་ལོ་18ཡིན་ཞིང་། ཁོང་ནི་དེ་སྔོན་བོད་རང་སྐྱོང་ལྗོངས་ལུས་རྩལ་ལག་རྩལ་སློབ་གྲྭར་རྐང་རྩེད་སྤོ་ལོའི་ཆེད་ལས་སློབ་སྦྱོང་བྱེད་མཁན་ཞིག་ཡིན།སྤྱི་ལོ་2018ལོའི་ཟླ་11པར་རིམ་པ་བཞིན་གདམ་གསེས་བྱས་པ་བརྒྱུད། ལས་རིགས་དང་རྣམ་གྲངས་ལས་བརྒལ་ནས་ཁོང་ཉིད་རྐྱང་ལེབ་གངས་ཤུད་ལུས་རྩལ་པ་ཞིག་ཏུ་གྱུར་བ་རེད། མིག་སྔར། དབྱངས་ཅན་ལྷ་མོའི་གྲུབ་འབྲས་ཡག་ཤོས་ནི་FISསྐར་གསོག་འགྲན་བསྡུར་གྱི་ཨང་གཉིས་པ་དང་ཨུ་རུ་སུའི་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་ཨང་17བླངས་པ་དེ་ཡིན་པ་རེད། 
   དབྱངས་ཅན་ལྷ་མོར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་ཐོབ་ཐང་རག་པར་དགའ་ཚོར་ཆེན་པོ་བྱུང་ཞིང་། རང་ཉིད་ནས་གྲ་སྒྲིག་གང་ལེགས་བྱས་ཏེ་རང་ནུས་གང་ཡོད་ཀྱིས་གྲུབ་འབྲས་སྔར་ལས་ཡག་པ་བརྩོན་ལེན་བྱ་རྒྱུ་དང་། རང་ཉིད་ཀྱི་ཆུ་ཚད་ཡག་ཤོས་འདོན་སྤེལ་ཐུབ་པ་བྱས་ཏེ་རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1