གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་སྐད་བརྙན་འཕྲིན། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༡ཚེས་༢༦ཉིན།

2022ལོའི་དཔྱིད་གསར་ཀྱི་འཚམས་འདྲིའི་བྱེད་སྒོ་སྤེལ།

 

     “དངོས་གནས་བཀའ་དྲིན་ཆེ།  ལོ་གསར་བར་བཀྲ་ཤིས་བདེ་ལེགས་ཞུ། ”དགུན་གྱི་གྲང་ངར་དང་བསྡེབས་པའི་དཔྱིད་གསར་དུས་སྟོན་དུ་ཐུགས་ཁུར་བྱམས་བརྩེའི་དྲོད་ཀྱིས་མི་སེམས་རབ་ཏུ་བསྲོས། འཛམ་ཐང་རྫོང་འཛམ་ཐང་སྟོད་མ་ཡུལ་ཚོའི་ཚྭ་ཁ་ཐང་སྡེ་བར་དགའ་བའི་དགོད་སྒྲ་དང་སྐྱིད་པའི་འཛུམ་མདངས། ལོ་སར་གྱི་འཚམས་འདྲི་དང་རྟེན་འབྲེལ་གྱི་ཁ་གཡང་བར་མེད་སྒྲོག་ཅིང་། རི་ལུང་ཀུན་ཏུ་བཀྲ་ཤིས་དགེ་མཚན་གྱི་ཡོ་ལང་རྣམ་པར་རྒྱས། 



      “འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག”གི་མང་ཚོགས་ཀྱི་ལས་དོན་ཡོངས་ལ་ཁྱབ་པ་དང“ངས་མང་ཚོགས་ལ་དོན་དངོས་སྒྲུབ”བཅས་ཀྱི་ལས་དོན་ཏན་ཏིག་བྱེད་ཆེད། ཟླ་1ཚེས་21ཉིན། ཁུལ་ཞིབ་དཔྱོད་ཁང་དང་ཁུལ་ཨུའི་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་། ཁུལ་ཚན་རྩལ་མཐུན་ཚོགས། འཛམ་ཐང་རྫོང་མི་དམངས་སྨན་ཁང་བཅས་ཀྱིས་མཉམ་དུ་2022ལོའི་དཔྱིད་གསར་དུས་སྟོན་ལ་འཚམས་འདྲིའི་བྱེད་སྒོ་སྤེལ་ཏེ། གྲང་ངར་ཆེ་བའི་དགུན་དུས་སུ་ཚྭ་ཁ་ཐང་སྡེ་བའི་སྡེ་མི་ཡོངས་ལ་དྲོ་སྐྱིད་ཀྱི་ཐུགས་ཁུར་གནང་།

      བྱེད་སྒོའི་ཡུལ་དངོས་སུ། ཐོག་མར་ཁུལ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཁུལ་ཨུའི་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲོའུ་ཝུན་ཆིན་གྱིས་སྡེ་མི་རྣམས་ལ“ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་། ཁུལ་ཏང་གི་འཐུས་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན། ཁུལ་གྱི་“ཚོགས་ཆེན་གཉིས”ཀྱི་དགོངས་དོན་སོགས་ཀྱི་ནང་དོན་སྒྲོག་འགྲེལ་བྱས།

      དེ་དང་ཆབས་གཅིག མང་ཚོགས་ཀྱི་མེ་འགོག་དོགས་ཟོན་གྱི་འདུ་ཤེས་ཇེ་མཐོར་གཏོང་ཆེད། སྒྲོག་འགྲེལ་ཚོགས་པས་ད་དུང་དཔྱིད་གསར་སྐབས་སུ་ནགས་ཚལ་དང་རྩ་ཐང་གི་མེ་འགོག་མེ་གསོད་སྐོར་གྱི་ནང་དོན་ལ་འགྲེལ་བཤད་ཞིབ་མོར་བྱས། སྒྲོག་འགྲེལ་བྱེད་སྒོའི་རྗེས་སུ་སྨན་བཅོས་མི་སྣས་ཚྭ་ཁ་ཐང་སྡེ་བའི་མི་ཡོངས་ལ་ཡུལ་དངོས་སུ་རིན་མེད་འོས་འགན་གྱི་སྨན་བཅོས་ཀྱི་བྱེད་སྒོ་སྤེལ།

      འབྲས་དང་ནས། སྣུམ་སོགས་དཔྱིད་གསར་དུས་སྟོན་གྱི་འཚམས་འདྲིའི་ཅ་ལག་ཏང་དང་སྲིད་གཞུང་གི་ཐུགས་ཁུར་བརྒྱུད་སྤྲོད་བྱས་ཤིང་། ཚྭ་ཁ་ཐང་སྡེ་བའི་མིའི་འཛུམ་མདངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་ལ་རེ་བ་དང་ཡིད་ཆེས་ཀྱིས་ཕྱུག་པ་མཚོན། 
      འཚམས་འདྲིའི་ལས་ཁུངས་དང་གཟི་རྩ་སྡེ་དགུ་རྫོང་གི་ཀློག་དེབ་དྲ་རྒྱ་ཚན་རྩལ་ཚད་ཡོད་ཀུང་སི་དང་། མཛོད་དགེ་རྫོང་ཝང་མའོ་ཀང་གློག་རྡུལ་ཚོང་དོན་ཚན་རྩལ་ཚད་ཡོད་ཀུང་སི། དེ་མིན@རྔ་བའི་རྒྱལ་སྲས་ཆུང་ཆུང་དང@རྒྱ་རོང་གི་ཨ་ཅེ་ཨ་ཅོན་སོགས་དྲ་ཐོགས་གྲགས་ཅན་བཅས་ཀྱིས་མི་རྣམས་ལ་དཔྱིད་གསར་དུས་སྟོན་གྱི་ལེགས་སྐྱེས་དང་འཚམས་འདྲིའི་དངུལ་སོགས་གྲ་སྒྲིག་ཞིབ་ཚགས་བྱས་པས། བྱམས་བརྩེའི་དྲོད་ཁོལ་མི་རྣམས་ལ་གནམ་ལོ་གསར་བའི་ལེགས་སྐྱེས་གྱ་ནོམ་པ་བྱིན། 

        ལྷད་མེད་ཀྱི་འཛུམ་མདངས་རེ་རེའི་རྒྱབ་རོལ་ཏུ། ཚྭ་ཁ་ཐང་སྡེ་བས་མཛེས་སྡུག་ཡིད་འོང་གི་ཕ་ཡུལ་འཛུགས་སྐྲུན་ལ་ཕུལ་བའི་ལྷག་བསམ་དང་ལག་ལེན་འདུས་ཡོད་ལ། རྟེན་འབྲེལ་གྱི་ཁ་གཡང་དང་བཀའ་དྲིན་ཞུ་བའི་ལེགས་སྐྱེས་ཡིན། འདི་ནི་ལོ་གསར་བའི་ལེགས་སྐྱེས་དོན་སྙིང་དང་རིན་ཐང་ལྡན་པར་ཉེ་བར་མཚོན་ཡོད།  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1