དུས་ཆེན་གཉིས་རིང་གི་རྫོང་རྒྱབ་ཀླུ་ཁང་གི་མཐོང་ཐོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26


          དཔྱིད་གསར་དུས་ཆེན་གྱི་ཚེས་1ཉིན་ནི་བོད་ལུགས་ལོ་སར་གྱི་ཚེས་1ཀྱང་ཡིན་པས་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པ་དང་། གཏམ་བརྗོད་ཟློས་གར་ཚོགས་པ། ལྷ་མོ་ཚོགས་པ་བཅས་ཀྱི་འཁྲབ་སྟོན་པ་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་འཛོམས་ནས་རྒྱ་ཆེའི་ལྟད་མོ་བ་ཚོར་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས། འདི་ནི་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་འཁྲབ་སྟོན་པས་གཞས་གཏོང་བའི་གནས་ཚུལ་རེད།

         གླུ་གཞས་ལས་མང་ཚོགས་ཀྱི་སྙིང་གཏམ་མཚོན་པ་དང་ཞབས་བྲོ་ལས་མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག་མཚོན་ཡོད། མང་ཚོགས་ཀྱིས་དེ་ནི་དཔྱིད་གསར་གྱི་ལག་རྟགས་ཡག་ཤོས་ཤིག་ཡིན་པར་ངོས་འཛིན་བྱས། ངོ་མཚར་ལྡན་པའི་འཁྲབ་སྟོན་ལས་ཕྲུ་གུ་ཚོས་གླུ་ལེན་གར་འཁྲབ་བྱས་ཏེ་གང་སར་དགའ་སྤྲོའི་དགོད་སྒྲས་ཁེངས་པ་དང་འཁྲབ་སྟོན་བྱ་ཡུལ་དེ་གླུ་གར་གྱི་རྒྱ་མཚོ་ལྟ་བུར་གྱུར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1