“ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་ལག་བསྟར་འཆར་གཞིའི” ཞལ་འདེབས་གྲོས་ མཐུན་ལ་མིང་རྟགས་བཀོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-17



 
   ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། རི་ནེ་ཝ་རུ་རྒྱུན་བཞུགས་ཀྲུང་གོའི་འཐུས་མི་ཁྲེན་ཤུད་ཀྱིས་ཉིན་ཤས་གོང་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་དང་རིམས་འགོག་མནའ་འབྲེལ་གྱི་དབུ་བཞུགས་ལག་བསྟར་དཔོན་པོ་ཁེ་ལི་དང་མཉམ་དུ་རི་ནེ་ཝ་རུ་གྲོས་མཐུན་ལ་མིང་རྟགས་བཀོད་དེ“ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་ལག་བསྟར་འཆར་གཞིར”ཨ་སྒོར་དུང་ཕྱུར་གཅིག་ཞལ་འདེབས་བརྒྱབ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཏོག་གསར་རིམས་འགོག་སྨན་ཁབ་བགོ་བའི་ཐད་སྤྱོད་རྒྱུ་རེད།
    ན་ནིང་ཟླ་8ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏོག་གསར་རིམས་འགོག་སྨན་ཁབ་མཉམ་ལས་ཀྱི་རྒྱལ་སྤྱིའི་གླེང་སྟེགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཡིག་ཐོག་ནས་ཤིས་ཚིག་སྒྲོན་སྐབས། 2021ལོ་ཧྲིལ་པོར་ཀྲུང་གོས་གོ་ལ་ཧྲིལ་པོར་རིམས་འགོག་སྨན་ཁབ་དུང་ཕྱུར་20མཁོ་འདོན་བྱ་རྒྱུའི་ཁྱབ་བསྒྲགས་གནང་ཡོད། ཀྲུང་གོས“ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་ལག་བསྟར་འཆར་གཞིར”ཨ་སྒོར་དུང་ཕྱུར་གཅིག་ཞལ་འདེབས་བརྒྱབ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་བགོ་བའི་ཐད་སྤྱོད་རྒྱུའི་གཏན་འབེབས་བྱས་ཡོད།
    ཟླ་2ཚེས་14ཉིན་ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོས“ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་ལག་བསྟར་འཆར་གཞིར”ཨ་སྒོར་དུང་ཕྱུར་གཅིག་ཞལ་འདེབས་རྒྱག་རྒྱུའི་གཏན་འབེབས་བྱས་ཡོད། ང་ཚོས་ཁ་དན་ཚིག་གནས་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད། ཀྲུང་གོ་ཕྱོགས་ཀྱིས“ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་ལག་བསྟར་འཆར་གཞིར”རིམས་འགོག་སྨན་ཁབ་མཁོ་འདོན་བྱེད་ཚད་དུང་ཕྱུར་2ལས་བརྒལ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རིམས་འགོག་སྨན་ཁབ་སྤྱོད་ཚད་མང་དུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་བཏོན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1