ལོ་ངོ་9000སྔོན་གྱིའི་མིའི་རིགས་ཀྱི་རྗེས་ཤུལ་རྙེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-25



    ཚེས་22ཉིན་ཅོར་ཏན་གྱི་ཡུལ་སྐོར་དང་གནའ་ཤུལ་པུའུ་ཡིས་ཁྱབ་བསྒྲགས་བྱས་དོན། གནའ་རྫས་རྟོག་ཞིབ་མི་སྣས་ར་སྤྲོད་རགས་ཙམ་བྱས་པར་གཞིགས་ན། 2021ལོར་ཅོར་ཏན་ཤར་ལྷོའི་རྒྱུད་ཀྱི་བྱེ་ཐང་ས་ཁུལ་དུ་སྔོག་འདོན་བྱས་པའི་གནའ་མིའི་མཛད་སྒོ་གཉེར་བའི་སྒྲིག་བཀོད་གནའ་ཤུལ་དེ་ཧ་ལམ་སྤྱི་ལོའི་གོང་གི་ལོ་7000བར་ཁུངས་འདེད་བྱས་ཆོག་པ་སྟེ། དེ་ནི་ད་ལྟའི་བར་ལོ་9000ཡར་སྔོན་གྱི་རྡོ་ཆས་གསར་པའི་དུས་རབས་སུ་སླེབས་པའི་ངོས་འཛིན་བྱས་པ་རེད།
   ཅོར་ཏན་ཡུལ་སྐོར་དང་གནའ་ཤུལ་པུས་ངོ་སྤྲོད་བྱས་པར་གཞིགས་ན། ཧྥ་རན་སེ་དང་ཅོར་ཏན་གྱི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རྣམ་གྲངས་ཚོགས་པས་ཅོར་ཏན་ཤར་ལྷོའི་བྱེ་ཐང་ས་ཁུལ་གྱི་མིའི་རིགས་གཞིས་ཆགས་ཁུལ་གྱི་གནའ་ཤུལ་ནས། རྡོ་ཆས་གསར་པའི་དུས་རབས་སུ་མིའི་རིགས་ཀྱིས་སྤེལ་བའི་མཛད་སྒོའི་རྙོག་འཛིང་ཆེ་བའི་སྒྲིག་བཀོད་རྗེས་ཤུལ་རྙེད་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1