༄༅། །སི་ཁྲོན་ཞིང་ཆེན་གྱི་ཞིང་སྡེའི་ས་ཞིང་འགན་གཙང་ལེན་དང་བདག་གཉེར་སྐོར་གྱི་སྲིད་ཇུས་འགྲེལ་བཤད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26


གཅིག བཅའ་ཁྲིམས་ཀྱིས་རང་རྒྱལ་གྱི་ཞིང་སྡེའི་ས་ཞིང་བདག་དབང་ལ་གཏན་འབེབས་ཅི་འདྲ་བྱས་ཡོད། 

       རྩ་ཁྲིམས་ཀྱི་དོན་ཚན་10པའི་ནང་། ཞིང་སྡེ་དང་གྲོང་ཁྱེར་ཉེ་འཁོར་གྱི་ས་ཞིང་། བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་རྒྱལ་ཁབ་ལ་དབང་བར་ཕུད། ཐུན་མོང་ལ་དབང་བ། ཁང་ས་དང་རང་བཞག་ས་ཞིང་། རང་བཞག་རིའང་ཐུན་མོང་ལ་དབང་ཞེས་གཏན་འབེབས་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་སྡེའི་ས་ཞིང་འགན་གཙང་ལེན་བཅའ་ཁྲིམས》ཀྱི་དོན་ཚན་གསུམ་པའི་ནང་དུ། རྒྱལ་ཁབ་ཀྱིས་ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་གཉེར་ལམ་ལུགས་ལག་ལེན་བསྟར་བ་ཞེས་གཏན་འབེབས་བྱས་པ་དང་། དོན་ཚན་བཞི་པའི་ནང་དུ། ཞིང་སྡེའི་ས་ཞིང་འགན་གཙང་ལེན་བྱས་རྗེས། ས་ཞིང་བདག་དབང་གི་ངོ་བོ་མི་འགྱུར། འགན་གཙང་ལེན་བྱས་པའི་ས་ཞིང་ཉོ་ཚོང་རྒྱག་རྒྱུ་མེད་ཅེས་གཏན་འབེབས་བྱས་ཡོད།

གཉིས། བཅའ་ཁྲིམས་ཀྱི་ཐོག་ནས་ཞིང་པའི་ས་ཞིང་འགན་གཙང་ལེན་དང་བདག་གཉེར་གྱི་བདག་དབང་ལ་ངོས་ལེན་ཅི་འདྲ་བྱས་ཡོད།  

       《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྫས་དབང་བཅའ་ཁྲིམས།》ཀྱི་དོན་ཚན་127གྱི་ནང་དུ། ས་ཞིང་འགན་ལེན་གྱི་བདག་དབང་དེ་ས་ཞིང་འགན་གཙང་ལེན་བདག་དབང་གི་གན་རྒྱ་གོ་ཆོད་པའི་དུས་ནས་སྒྲིག་འཛུགས་བྱེད་པ།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་ཞིང་འགན་གཙང་ལེན་བདག་དབང་ཡོད་མཁན་ལ་ས་ཞིང་འགན་གཙང་ལེན་བདག་དབང་གི་དཔང་ཡིག་དང་། ནགས་དབང་གི་དཔང་ཡིག རྩྭ་ཐང་བེད་སྤྱོད་ཀྱི་དབང་ཆ་བཅས་སྤྲད་དེ། གཞུང་ཐོ་བཟོས་ནས། ས་ཞིང་འགན་གཙང་ལེན་བདག་དབང་ཁས་ལེན་བྱ་དགོས་ཞེས་གཏན་འབེབས་བྱས་ཡོད།

གསུམ། བཅའ་ཁྲིམས་ཀྱིས་འགན་གཙང་ལེན་གྱི་དུས་ཚོད་གཏན་འབེབས་ཅི་འདྲ་བྱས་ཡོད།  

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་སྡེའི་ས་ཞིང་འགན་གཙང་ལེན་བཅའ་ཁྲིམས།》ཀྱི་དོན་ཚན་20ཡི་ནང་དུ། རྨོ་ཞིང་གི་འགན་གཙང་ལེན་གྱི་དུས་ཚོད་ལོ་30ཡིན། རྩྭ་ཐང་གི་འགན་གཙང་ལེན་གྱི་དུས་ཚོད་ལོ་30ནས་ལོ་50བར་ཡིན། ནགས་སའི་འགན་གཙང་ལེན་གྱི་དུས་ཚོད་ལོ་30ནས་ལོ་70བར་ཡིན། དམིགས་བསལ་གྱི་ནགས་ཤིང་གི་ནགས་སའི་འགན་གཙང་ལེན་གྱི་དུས་ཚོད་ནི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནགས་ལས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་གནང་བར་བརྒྱུད་ཕྱིར་འགྱངས་བྱ་ཆོག་ཅེས་གཏན་འབེབས་བྱས་ཡོད།

བཞི། ཁྱིམ་ཚང་གིས་འགན་གཙང་ལེན་བྱས་པའི་ཞིང་སྡེའི་ས་ཞིང་ལ།འགན་གཙང་ལེན་བྱེད་མཁན་ལ་དབང་ཆ་དང་འོས་འགན་གང་དག་ཡོད།  

       《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་སྡེའི་ས་ཞིང་འགན་གཙང་ལེན་བྱས་པའི་བཅའ་ཁྲིམས།》ཀྱི་དོན་ཚན་16གི་ནང་དུ། འགན་གཙང་ལེན་བྱེད་མཁན་ལ་གཤམ་གསལ་གྱི་དབང་ཆ་ཡོད་དེ། (གཅིག) ཁྲིམས་ལྟར་འགན་གཙང་ལེན་བྱས་པའི་ས་ཞིང་བེད་སྤྱོད་དང་ཕན་ཆ་ཐོབ་པ། ས་ཞིང་འགན་གཙང་ལེན་བདག་དབང་འཁོར་རྒྱུག་གི་དབང་ཆ་ཡོད་ལ། རང་བདག་གིས་ཐོན་སྐྱེད་བདག་གཉེར་དང་ཐོན་རྫས་བཀོད་སྒྲིག་བྱེད་པའི་དབང་ཆའང་ཡོད། (གཉིས)འགན་གཙང་ལེན་གྱི་ས་ཞིང་ཁྲིམས་ལྟར་བསྡུས་སྤྱོད་དང་བཟུང་སྤྱོད་བྱས་ན། ཁྲིམས་ལྟར་འོས་བབ་ཀྱི་ཁ་གསབ་ཐོབ་རྒྱུའི་དབང་ཆ་ཡོད། (གསུམ) བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་དབང་ཆ་གཞན་དག་ཡོད་ཅེས་གཏན་འབེབས་བྱས་ཡོད།

ལྔ། ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་དབང་ཁས་ལེན་ཐོ་འགོད་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན།

         ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་འབྲེལ་བ་བརྟན་པོ་རྒྱུན་འཁྱོངས་བྱ་ཆེད། ཏང་དང་རྒྱལ་ཁབ་ཀྱིས་སྔོན་རྗེས་སུ་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་རབ་དང་རིམ་པ་དངོས་སུ་འདོན་ཡོད། ཞིང་པས་འགན་གཙང་ལེན་བྱས་པའི་ས་ཞིང་གི་བཟུང་སྤྱོད་དང་བེད་སྤྱོད། འོན་ཀྱང་དམིགས་བསལ་གྱི་ལོ་རྒྱུས་ཆ་རྐྱེན་གྱིས་བཀག་འཛིན་བྱས་པས། ལྷག་པར་དུ་འགན་གཙང་ལེན་བྱས་པའི་དུས་ཚོད་ནང་དུ་འགན་གཙང་ལེན་བྱས་པའི་ས་ཞིང་གི་ལེགས་སྒྲིག་དང་དཔལ་འབྱོར་འཛུགས་སྐྲུན་གྱིས་འགན་གཙང་ལེན་བྱས་པའི་ས་ཞིང་བསྡུས་སྤྱོད་དང་བཟུང་སྤྱོད་བྱས་པ་སོགས་ཀྱི་རྒྱུན་རྐྱེན་གྱིས། ས་གནས་མང་པོའ་ིས་ཞིང་འགན་གཙང་ལེན་ལ་ས་གཞི་དངོས་མེད་པ། རྒྱ་ཁྱོན་ཚད་དང་མི་མཐུན། མཐའ་བཞི་གསལ་མོ་མིན་པ། ཐོ་འགོད་ཡིག་ཚགས་ཆ་མི་ཚང་བ་སོགས་ཀྱི་གནས་དོན་གནས་པས། རྩོད་གླེང་དང་རྩོད་གཞི་བྱུང་ཡོད། དེར་བརྟེན་ངེས་པར་དུ་ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་དབང་ཁས་ལེན་ཐོ་འགོད་ལས་དོན་སྒྲུབ་པར་བརྒྱུད།འགན་གཙང་ལེན་བྱས་པའི་ས་གཞིའི་རྒྱ་ཁྱོན་དངོས་དང་མཐའ་མཚམས། བར་སྟོང་ཆགས་གནས་བཅས་ཞིབ་བཤེར་གསལ་མོ་བྱས་ཏེ། ཞིང་པའི་ས་ཞིང་འགན་གཙང་ལེན་བདག་དབང་དོན་ཐོག་ཏུ་འཁྱོལ་ཐུབ་དགོས།

དྲུག ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་དབང་ཁས་ལེན་ཐོ་འགོད་བྱས་པའི་དམིགས་ཡུལ་ཅི་ཡིན། 

         ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་དབང་ཁས་ལེན་ཐོ་འགོད་བྱ་རྒྱུ་ནི་ད་ཡོད་ས་ཞིང་འགན་གཙང་ལེན་གྱི་འབྲེལ་བའི་བརྟན་སྲུང་དང་འཐུས་ཚང་གཏོང་བ་ཡིན། ད་ཡོད་ས་ཞིང་འགན་གཙང་ལེན་གྱི་གན་རྒྱ་དང་། བདག་དབང་དཔང་ཡིག ཐུན་མོང་གི་ས་ཞིང་བདག་དབང་ཁས་ལེན་ཐོ་འགོད་ཀྱི་མཐའ་འབྲས་གཞིར་བཟུང་ནས།འགན་གཙང་ལེན་བྱས་པའི་ས་གཞིའི་རྒྱ་ཁྱོན་ཡང་དག་མིན་པ་དང་། མཐའ་བཞིའི་མཐའ་མཚམས་མི་གསལ། བར་སྟོང་ཆགས་གནས་མི་གསལ། ཐོ་འགོད་ཡིག་ཚགས་འཐུས་ཚང་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་མོ་བྱས་ནས། འགན་གཙང་ལེན་བྱས་པའི་ས་གཞིའི་རྒྱ་ཁྱོན། གན་རྒྱ། དཔང་ཡིག་བཅས་བཞི་པོ་དུད་ཚང་ལ་འབྱོར་བ་དང་། ཁྲིམས་ལྟར་ཞིང་པ་ལ་དེ་བས་འཐུས་ཚང་དང་འགན་ལེན་ཡོད་པའི་ས་ཞིང་འགན་གཙང་ལེན་བདག་དབང་གནང་པའི་དམིགས་ཡུལ་དུ་ཐོན་དགོས།

བདུན། ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་དབང་ཁས་ལེན་ཐོ་འགོད་ལ་དོན་སྙིང་ཅི་ཡོད།

          གཅིག་ནི་ཁོངས་གཏོགས་གསལ་མོ་དང་། སྲུང་སྐྱོབ་གཟབ་ནན། འཁོར་རྒྱུག་བདེ་བླག་གི་ཞིང་སྡེའི་རྒྱུ་ནོར་གྱི་བདག་དབང་ལམ་ལུགས་འཛུགས་རྒྱུན་ཕན་ཐོགས་ཡོད་ལ། ཞིང་སྡེའི་ཚོང་རའི་དཔལ་འབྱོར་གྱི་ལམ་ལུགས་འཐུས་ཚང་གཏོང་བའི་ཆེད་དུ་སྟོབས་དང་ལྡན་པའི་དངོས་པོའི་བདག་དབང་གི་འགན་ལེན་འདོན་པ། གཉིས་ནི་འགན་གཙང་ལེན་ཞིང་དུད་ཀྱི་ཚོང་རའི་གོ་གནས་གཙོ་བོ་དང་ཁྱིམ་ཚང་འགན་གཙང་ལེན་བདག་གཉེར་གྱི་རྨང་གཞི་གོ་གནས་ཤུགས་སྣོན་རྒྱག་པ་ལ་ཕན་ཐོགས་ཡོད་ཅིང་། ཞིང་སྡེའི་རྩ་བའི་བདག་གཉེར་ལམ་ལུགས་བརྟན་སྲུང་བྱེད་ཆེད་ལ་སྟོབས་དང་ལྡན་པའི་ལམ་ལུགས་ཀྱི་འགན་ལེན་འདོན་པ། གསུམ་ནི་ས་ཞིང་འགན་གཙང་ལེན་བདག་དབང་ཁོངས་གཏོགས་ངེས་གསལ་ལ་ཕན་ཐོགས་ཡོད་ཅིང་། ས་ཞིང་འགན་གཙང་ལེན་བདག་གཉེར་གྱི་རྩོད་གཞི་དང་ཞིང་པའི་ས་ཞིང་འགན་གཙང་ལེན་གྱི་ཁྲིམས་མཐུན་ཁེ་ཕན་སྲུང་སྐྱོང་བྱེད་ཆེད་ལ་སྟོབས་དང་ལྡན་པའི་དང་ཐོག་གི་ཁུངས་ལུང་འདོན་པ། བཞི་ནི་ཞིང་པས་འགན་གཙང་བྱས་པའི་ས་ཞིང་གི་དབང་ཆ་ཁག་སོ་སོ་དུད་ཚང་དུ་འབྱོར་བ་ལ་ཕན་ཐོགས་ལྡན་ཞིང་། ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་དངོས་ཡོད་ཀྱི་དོན་ཐག་གཅོད་བྱེད་ཆེད་ལ་དགོས་ངེས་ཀྱི་ལག་བསྟར་ཉམས་མྱོང་འདོན་པ།

བརྒྱད། ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་དབང་ཁས་ལེན་ཐོ་འགོད་བྱས་ན་་ཞིང་པ་ལ་ཕན་པ་གང་དག་ཡོད། 

         ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་དབང་ཁས་ལེན་ཐོ་འགོད་བྱ་རྒྱུ་དེ། བཅའ་ཁྲིམས་ཀྱི་གོ་རིམ་བརྒྱུད་ནས། ཞིང་པའི་ས་ཞིང་འགན་གཙང་ལེན་གྱི་ཁེ་ཕན་སྲུང་སྐྱོང་བྱ་བ། དོན་དངོས་ནས་བཤད་ན། གཅིག་ནི་ཞིང་པའི་ས་ཞིང་འགན་གཙང་ལེན་གྱི་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་ལ་ཕན་པ། གཉིས་ནི་ཞིང་པའི་ནོར་སྲིད་ཅན་གྱི་ཡོང་སྒོ་འཕར་སྣོན་བྱུང་རྒྱུ་ལ་ཕན་ཞིང་། གསུམ་ནི་ཞིང་པའི་ས་ཞིང་འཁོར་རྒྱུག་སོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་ལ་ཕན།

དགུ། ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་དབང་ཁས་ལེན་ཐོ་འགོད་བྱ་རྒྱུ་ལ་རྒྱལ་ཁབ་ཀྱི་སྲིད་ཇུས་བླང་བྱ་གང་དག་ཡོད། 

         གཅིག་ནི་ད་ཡོད་ས་ཞིང་འགན་གཙང་ལེན་གྱི་གན་རྒྱ་དང་། དཔང་ཡིགཐུན་མོང་གི་ས་ཞིང་བདག་དབང་ཁས་ལེན་ཐོ་འགོད་ཀྱི་མཐའ་འབྲས་ཀྱི་རྨང་གཞིའི་ཐོག་ཏུ་ས་ཞིང་འགན་གཙང་ལེན་བདག་དབང་ཁས་ལེན་ཐོ་འགོད་བྱ་དགོས། གཉིས་ནི་དངོས་སུ་ཚད་འཇལ་བའི་རྒྱ་ཁྱོན། ཡོངས་བསྒྲགས་བྱས་ནས་གྲངས་ཚད་དངོས་ལྟར་ཐོ་དགོད་བྱས་ཏེ། བདག་དབང་ཁས་ལེན་འགྱུར་བའི་ཁུངས་ལུང་བྱ་དགོས། གསུམ་ནི་འགན་གཙང་ལེན་ཕྱིར་འགྱངས་བྱ་རྒྱུ་འཐུས་ཚང་མིན་པ་དང་དབང་ཆ་དོན་ཐོག་མ་འཁྱོལ། དོ་དམ་ལས་དོན་ཚད་མཐུན་མིན་པ། ཁྲིམས་ལྟར་ཡོ་བསྲང་བྱ་དགོས། བཞི་ནི་རྩོད་གླེང་དང་རྩོད་གཞི་ཡོད་ན་དང་ཐོག་ཁྲིམས་ལྟར་ཐག་གཅོད་བྱས་རྗེས། གཞི་ནས་བདག་དབང་ཁས་ལེན་ཐོ་འགོད་བྱ་དགོས། ལྔ་ནི་བདག་དབང་ཁས་ལེན་ཐོ་འགོད་བྱ་བའི་གོ་རིམ་ནང་དུ། ལོ་རྒྱུས་ཀྱིས་ཤུལ་བཞག་བྱས་པའི་གནད་དོན་སེལ་རྒྱུ་ལ་དོ་སྣང་བྱས་ནས། སྐབས་ཅིག་སེལ་ཐབས་མེད་ན། བདག་དབང་ཁས་ལེན་ཐོ་འགོད་བྱ་རྒྱུ་གནས་སྐབས་ནར་འགྱངས་གཏོང་དགོས།

བཅུ། ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་དབང་ཁས་ལེན་ཐོ་འགོད་ལ་གོ་རིམ་གཙོ་བོ་གང་དག་ཡོད། 

        འགོ་ཁྲིད་ལས་ཁུངས་སྒྲིག་འཛུགས།སྐུལ་སློང་གསོ་སྦྱོང་།ལག་རྩལ་ལས་ཁུངས་གཏན་འཁེལ།བརྙན་གཟུགས་རི་མོ་ལེན་པ།ལས་ཁུངས་སྒྲུབ་གཞི་རིས་འགོད་པ།བརྡ་འཕྲིན་བསྡུ་ལེན་དང་ས་གཞི་ཁས་ལེན།ཡོངས་བསྒྲགས།དཔང་ཡིག་སྤྲད་པ།དཔྱད་ཡིག་ཡིག་ཚགས་སུ་འཇོག་པ།

བཅུ་གཅིག གནས་ཚུལ་གང་འདྲའི་འོག་ཏུ་ས་ཞིང་འགན་གཙང་ལེན་བདག་དབང་དཔང་ཡིག་འགྱུར་བ་དང་ཐོ་སུབ་ཐོ་འགོད་བྱ་རྒྱུའི་རེ་བ་ཞུ་ཆོག 

       གཅིག ཐུན་མོང་ས་ཞིང་གི་བདག་དབང་ལ་འགྱུར་བ་བྱུང་བ།གཉིས། འགན་གཙང་ལེན་བྱས་པའི་ས་ཞིང་བསྡུས་སྤྱོད་དང་བཟུང་སྤྱོད་བྱས་ནས་འགན་གཙང་ལེན་བྱས་པའི་ས་ཞིང་ངམ་ཡང་ན་རྒྱ་ཁྱོན་ལ་འགྱུར་ལྡོག་བྱུང་བ། གསུམ། འགན་གཙང་ལེན་བྱས་པའི་ཞིང་དུད་ཀྱིས་གཞིས་བགོ་བ་སོགས་ཀྱིས་ས་ཞིང་འགན་གཙང་ལེན་བདག་དབང་བགོ་དགོས་བྱུང་བ། བཞི། ས་ཞིང་འགན་གཙང་ལེན་བདག་དབང་བརྒྱུད་བཤུག་དང་ཕན་ཚུན་བརྗེ་རེས་བྱས་ནས་འཁོར་རྒྱུག་བྱ་བ། ལྔ། གཉེན་སྒྲིག་སོགས་བྱས་ནས་ས་ཞིང་འགན་གཙང་ལེན་བདག་དབང་མཉམ་དུ་འདུས་པ། དྲུག འགན་གཙང་ལེན་སོགས་བྱས་ནས་ས་ཞིང་འགན་གཙང་ལེན་བདག་དབང་མཉམ་དུ་འདུས་པ། བདུན། འགན་གཙང་ལེན་བྱས་པའི་ས་ཞིང་རྩ་བ་ནས་ཉམས་པའམ་འགན་གཙང་ལེན་བྱེད་མཁན་གྱི་ཞིང་དུད་མེད་པར་འགྱུར་བ། བརྒྱད། འགན་གཙང་ལེན་བྱས་པའི་ས་ཞིང་དེ་འགན་གཙང་ལེན་སྤྲད་མཁན་གྱིས་ཁྲིམས་ལྟར་ལེགས་སྒྲིག་དང་ཕར་ལེན་པ། དགུ། ཁྲིམས་ལྟར་འགྱུར་བ་དང་ཐོ་སུབ་ཐོ་འགོད་བྱེད་པའི་གནས་ཚུལ་གཞན་དག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1