མཛོད་དགེ་བློ་རྒྱལ་ཆུ་འགོ་དེ་ངང་དཀར་དགུན་སྒྲོལ་སའི་ཞིང་ཁམས་སུ་གྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 03-01



པར་འདི་དག་ནི་ངང་དཀར་བློ་རྒྱལ་ཆུ་འགོ་རུ་དགུན་སྒྲོལ་བྱེད་བཞིན་པའི་ངང་དཀར་རེད།

        མཛོད་དགེ་རྫོང་མའེ་ཤེ་ཤང་བློ་རྒྱལ་ཆུ་མགོའི་ཆུ་ལ་ལོ་ཧྲིལ་བོར་དར་མི་ཆགས་པས། དེ་ནི་ངང་དཀར་ཁྱུ་ཚོགས་དགུན་སྒྲོལ་བྱེད་སའི་གནས་མཆོག་ཞིག་ཏུ་གྱུར་ཡོད་པ་དང་། ལོ་རེའི་ཟླ11པའི་ཟླ་མགོ་རུ་ངང་དཀར་ཁྱུ་ཚོགས་གནས་དེར་འཕུར་ཡོང་ནས་དགུན་སྒྲོལ་བྱེད་མགོ་བརྩམས།
        ཉེ་བའི་ལོ་འགའི་རིང་། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་དང་མཐོ་སྒང་གི་བརླན་སར་སྲུང་སྐྱོང་བྱས་ནས། ཕྱུགས་དོར་ནས་བརླན་སར་སྲུང་སྐྱོང་དང་བརླན་སའི་སྤྱི་གླིང་སོགས་ཀྱི་ལས་དོན་གཏིང་ཟབ་པའི་ངང་སྤེལ་བ་དང་བསྟུན། མཛོད་དགེའི་བརླན་སའི་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་བཅོས་བྱུང་ཞིང་། བརླན་སའི་རྒྱ་ཁྱོན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པས་དེ་ནི་ངང་དཀར་དང་ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེའི་འདབ་ཆགས་རིགས་ཀྱི་དགུན་སྒྲོལ་ཞིང་ཁམས་སུ་གྱུར་ཡོད། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། མཛོད་དགེ་རྫོང་དུ་བསྡོམས་པས་འདབ་ཆགས་རིགས162ཡོད་པ་དེས་སི་ཁྲོན་ཞིང་ཆེན་ཡོངས་ཀྱི་འདབ་ཆགས་རིགས་ཀྱི26%ཟིན་པ་དང་། རྒྱལ་ཡོངས་ཀྱིི་འདབ་ཆགས་རིགས་ཀྱི12.2%ཟིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1