སི་ཝེས་ཙེར་གྱི་ཝ་ལེ་སིའི་ལུག་མཆུ་ནག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


            ཝ་ལེ་སིའི་ལུག་མཆུ་ནག་ནི་སི་ཝེས་ཙེར་གྱི་ཝ་ལེ་སི་མངའ་སྡེ་རུ་ཡོད་ཅིང་། ས་དེར་འཚར་ལོངས་བྱུང་ནས་རྒྱུད་འཕེལ་བ་ཞིག་ཡིན། ཝ་ལེ་སིའི་ལུག་མཆུ་ནག་ནི་གཡང་གཟར་དང་རི་ལྡེབས་ས་ཁུལ་དུ་འཚོ་ཞིང་ལུག་འདིའི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི། མཆུ་ཏོ་དང་མིག་གཉིས་ནག་པོ་ཡིན་པར་མ་ཟད། པུས་མོ་གཉིས་ཀྱི་ཚིགས་མགོ་དང་སུག་བཞི་ནག་པོ་ཡིན་པ་དེ་རེད། དེ་མིན་ལུས་ཡོངས་རྫོགས་དཀར་པོ་དཀར་རྐྱང་ཡིན་པས་ཀུན་གྱིས་དོ་སྣང་བྱུང་ཞིང་སྙན་གྲགས་རྒྱས། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1