ལུའུ་ཏེན་ས་འགུལ་ཁྲོད་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ཁག་དང་པོ་པེ་ཅིང་དུ་སྨན་བཅོས་བྱེད་པར་བསྐྱོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


 

           སྤྱི་ཟླ་2པའི་ཚེས་22ཉིན། ཡུན་ནན་ལུའུ་ཏེན་ས་འགུལ་གནོད་འཚེ་ཕོག་ཁུལ་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་ཁག་དང་པོའི་བྱིས་པ་ཚོ་ཁུང་མིན་ནས་པེ་ཅིང་ལ་བསྐྱོད་པའི་མེ་འཁོར་Z༡62ལ་བསྡད་དེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་དུ་རིན་མེད་སྨན་བཅོས་བྱེད་པར་བསྐྱོད་ཡོད།


          ཤེས་རྟོགས་བྱུང་བར་གཞིགས་ན། བྱིས་པ་11གི་ཁྲོད་དུ་ཆེ་ཤོས་ལོ་12དང་ཆུང་ཤོས་ལོ་1ཡིན་པ་རེད། ཉེ་ཆར། འབྲེལ་ཡོད་ཕྱོགས་ནས་ལུའུ་ཏེན་ས་འགུལ་གནོད་འཚེའི་ཁུལ་དུ་ལྷན་སྐྱེས་སྙིང་ནད་ཀྱི་ནད་རྟགས་མངོན་པའི་བྱིས་པ་100ལྷག་ལ་བརྟག་དཔྱད་བྱས་ཤིང་། གཤགས་བཅོས་བྱ་དགོས་ངེས་ཡིན་པའི་བྱིས་པ་21གི་ནད་བརྟག་གཏན་འཁེལ་བྱས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1