༄༅།། འགྲོ་འདུག་སྦ་གསང་དང་ནད་གཞིའི་གནས་ཚུལ་སྙན་སེང་མ་ཞུས་ན་འཇུག་འབྲས་ཅི་འདྲ་ཡིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-07


        ཀྲུང་ཆེ་ག་གེ་མོས་རིམས་འགོག་སྡེ་ཁུལ་གྱི་རིམས་འགོག་སྤྱི་བསྒྲགས་སྣང་མེད་དུ་བཞག་ནས། སྤྱི་ལོ་2020ལོའི་ཟླ་1པོའི་ཚེས་22ཉིན། ཧུའུ་པེ་ཞིང་ཆེན་ཨེ་ཀྲོའུ་གྲོང་ཁྱེར་དུ་ཕྱིན་པའི་དོན་དངོས་སྦ་གསང་བྱས་པ་དང་། སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་སུ་གཉེན་གྲོགས་དང་ཐུག་འཕྲད་འདུ་འཛོམས་ཡང་སྦ་གསང་བྱས་པར་མ་ཟད། སྒོ་རྩིས་ཚོང་ཁང་ཆེ་གྲས་དང་ཇ་ཁང་སོགས་མི་ཚོགས་མང་སར་ཡང་ཐེངས་མང་སོང་།

        སྤྱི་ཟླ་2པའི་ཚེས་4ཉིན། ཀྲུང་ཆེ་གེ་མོར་ཏོག་གསར་གློ་ཚད་རིམས་ནད་འགོས་པའི་ནད་རྟགས་གཏན་འཁེལ་བྱས་རྗེས། ཀྲུང་ཆེ་གེ་མོས་ཤེས་བཞིན་དུ་རང་ཉིད་ཀྱི་2020ལོའི་ཟླ་1པོའི་ཚེས་28ཉིན་ནས་ཟླ་2པའི་ཚེས་2ཉིན་བར་གྱི་འགུལ་སྐྱོད་བྱ་ཡུལ་དང་འབྲེལ་གཏུག་བྱ་ཡུལ་སྦ་གསང་བྱས་ཏེ་རང་ཉིད་དང་བཟའ་མི་ཚང་མ་ཁྱིམ་དུ་བསྡད་དེ་ཕྱིར་སྐྱོད་མེད་ལུགས་རྫུན་ཞུ་བྱས། དོན་དངོས་སྦ་གསང་བྱས་པའི་བྱ་སྤྱོད་དེས་འབྲེལ་ཡོད་སྡེ་ཚན་གྱིས་དུས་ཐོག་ཏུ་རིམས་ནད་དོ་དམ་ཚོད་འཛིན་བྱ་རྒྱུར་འགལ་རྐྱེན་ཆེན་པོ་བཟོས།
        གནས་ཚུལ་ངོ་མ་སྦ་གསང་བྱས་པ་དང་ནད་གཞིའི་གནས་ཚུལ་སྙན་སེང་མ་ཞུས་ན་ཁྲིམས་གཅོད་ཉེས་པ་ཡོད་པ་དང་། བསམ་གཟས་ནས་འགོས་ནད་གྱི་མ་དཔེ་ཁྱབ་བརྡལ་དུ་བཏང་ནས། སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་མཁན་ལ་ཁྲིམས་ལྟར་སྤྱི་པའི་བདེ་འཇགས་ལ་གནོད་པའི་ནག་ཉེས་ལྟར་ཉེས་ཆད་གཅོད་ཆོག །མཇུག་འབྲས་ཚབས་ཆེན་བཟོས་མེད་ཚེ་ལོ་3ཡན་ནས་ལོ་10མན་བར་གྱི་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅད་རྒྱུ་དང་། མི་ལ་རྨས་སྐྱོན་ཚབས་ཆེན་དང་ཤི་སྐྱོན་བྱུང་པའམ་ཡང་ན་གཞུང་སྒེར་གྱི་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་པའི་རིགས་ལ་ལོ་10ཡན་དང་། ཚེ་བཙོན་ནམ་སྲོག་ཁྲིམས་ཀྱི་ཉེས་ཆད་གཅད་རྒྱུ་རེད།
        《 འགོས་ནད་འགོག་བཅོས་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུ་པའི་ནང་གསེས་གསུམ་པར། སྨན་བཅོས་ལས་ཁུངས་ཀྱིས་རིམས་ནད་རིགས་དང་པོའི་ནད་པ་དང་། ནད་གཞི་ཡོད་མཁན། དོགས་ཡོད་ནད་པ་བཅས་དང་འབྲེལ་གཏུག་དམ་ཟབ་བྱེད་མཁན་སོ་སོ་ལོགས་སུ་བཀར་ནས་སྨན་བཅོས་བྱ་དགོས་པ་དང་། ལོགས་སུ་བཀར་ནས་སྨན་བཅོས་བྱེད་དུ་མི་འཇུག་པའམ་ཡང་ན་ལོགས་སུ་བཀར་ནས་ཡུན་རིང་མ་སོང་བར་རང་འདོད་ཀྱིས་སྨན་བཅོས་བྱ་ཡུལ་ནས་ཕྱིར་བུད་པ་ན། སྤྱི་བདེ་ལས་ཁུངས་ཀྱི་རོགས་སྐྱོར་འོག་བཙན་ཀྱིས་ཟུར་འཇོག་སྨན་བཅོས་བྱ་ཐབས་སྤྱད་ཆོག་པར་གཏན་འབེབས་བྱས་ཡོད། །
        གྱོད་དོན་འདིའི་གནས་ཚུལ་དངོས་དང་ཞུ་སྦྱོར་ཕྱི་མའི་འགྱོད་བཤགས་བྱས་ཚུལ་ལ་གཞིགས་ནས། རིམས་ནད་འགོག་བཅོས་ལ་འགལ་རྐྱེན་བཟོས་པའི་བྱས་ཉེས་སུ་ཞུ་སྦྱོར་ཕྱི་མ་ཀྲུང་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གཅིག་གི་ཉེས་ཆད་བཅད་ཡོད། འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་རྗེས། ཀྲུང་ཆེ་གེ་མོས་ཁྲིམས་གཏན་འཁེལ་བའི་དུས་ཚོད་ནང་བསྐྱར་གཅོད་ཞུ་གཏུག་བྱས་མེད་པས། འདྲི་གཅོད་དང་པོའི་དཔྱད་མཚམས་ལ་ཁྲིམས་ནུས་ཐོན་ཡོད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1