གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༣ཚེས་༠༧ཉིན།

༄༅།། དོ་བདག་པ་དྲ་ཐོག་ནས་གཏུག་བཤེར་ནང་ཞུགས་པར་སྟབས་བདེ་བཟོས་པ།

        ཟླ2པའི་ཚེས22ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས།《མི་དམངས་ཁྲིམས་ཁང་གི་དྲ་ཐོག་འཁོར་སྐྱོད་སྒྲིག་སྲོལ》(གཤམ་དུ《སྒྲིག་སྲོལ》ཞེས་བསྡུས་ཡོད)ཁྱབ་བསྒྲགས་བྱས་ཏེ། མི་དམངས་ཁྲིམས་ཁང་གི་དྲ་ལམ་འཁོར་སྐྱོད་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། དོ་བདག་པ་དང་དྲ་ཐོག་ནས་གཏུག་བཤེར་དང་འདུམ་སྒྲིག་སོགས་ལ་ཞུགས་མཁན་གྱི་མང་ཚོགས་གཞན་དག་ལ་སྟབས་བདེ་བཟོས་ཏེ། འདྲི་གཅོད་ལག་བསྟར་བྱ་བའི་སྤུས་ཀ་དང་ཕྱོད་འབྲས་ཇེ་མཐོར་བཏང་།
        ཆེས་མཐོའི་མི་དམངས་ཁྲིམས་ཁང་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་ཞུས་ཅན་ཧྥེང་གིས་མཚམས་སྦྱོར་བྱས་པ་ལྟར་ན།《སྒྲིག་སྲོལ》འདི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་པ་དང་། བསྡོམས་པས་ས་བཅད5དང་དོན་ཚན45ཡོད་ལ་། དེའི་ནང་དུ་མི་དམངས་ཁྲིམས་ཁང་གི་དྲ་ཐོག་འཁོར་སྐྱོད་ཀྱི་གཞི་རྩའི་རྩ་དོན་དང་བཀོལ་སྤྱོད་ཁྱབ་ཁོངས་འདུས་ཤིང་། མི་དམངས་ཁྲིམས་ཁང་གིས་དྲ་ཐོག་ཁྲིམས་འཛིན་བྱ་འགུལ་ལ་རྒྱབ་སྐྱོར་བྱེད་པའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་དང་བཀོལ་སྤྱོད། འཁོར་སྐྱོད། དོ་དམ་བཅས་བྱེད་པའི་བླང་བྱ་གཏན་འཁེལ་བྱས་ཡོད།
        《སྒྲིག་སྲོལ》ནང་མི་དམངས་ཁྲིམས་ཁང་གི་དྲ་ཐོག་འཁོར་སྐྱོད་ཐད་ཀྱི་སྤྱིའི་བླང་བྱ་གཏན་འཁེལ་བྱས་ཡོད་པ་སྟེ། མི་དམངས་ཁྲིམས་ཁང་གིས་སྦྲེལ་དྲ་དང་གཞི་གྲངས་ཆེན་མོ། སྤྲིན་རྩིས། སྤོ་སྒུལ་སྦྲེལ་དྲ། མིས་བཟོས་རིག་ནུས། ཁུལ་དུམ་སྦྲེལ་བ་སོགས་ཀྱི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་བྱས་ཏེ། བློ་གྲོས་ཁྲིམས་ཁང་གི་ཆ་འཕྲིན་མ་ལག་འཐུས་ཚང་དུ་གཏོང་བ་དང་། བཀོལ་སྤྱོད་བྱེད་སྟངས་ཚད་ལྡན་དུ་གཏོང་བ། འཁོར་སྐྱོད་དོ་དམ་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཤིང་། དྲ་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོ་སྣ་མང་ཅན་བསྐང་དགོས་པ་དང་། འདྲི་གཅོད་ལག་བསྟར་བྱ་འགུལ་ལ་ཕན་ནུས་ལྡན་པའི་སྒོ་ནས་རྒྱབ་སྐྱོར་བྱེད་དགོས་པ་བཏོན་ཡོད།
        《སྒྲིག་སྲོལ》ནང་བསྟན་དོན། མི་དམངས་ཁྲིམས་ཁང་གི་དྲ་ཐོག་ཞབས་ཞུ་དང་བློ་གྲོས་ཞབས་ཞུའི་མ་ལག་དེ་སྟེགས་བུ་གཞན་པ་དང་སྦྲེལ་མཐུད་བྱས་ཏེ།མི་དམངས་ཁྲིམས་ཁང་གིས་སྦྲེལ་དྲ་བརྒྱུད་དེ་མི་དམངས་མང་ཚོགས་ལ་ཞབས་ཞུ་འདོན་སྤྲོད་བྱེད་པའི་གཅིག་གྱུར་སྒེའུ་ཁུང་བྱེད་རྒྱུ་ཡིན་ལ། དེའི་ཐད་ནས་ཞུས་ཅན་ཧྥེང་གིས་བསྟན་དོན།མི་དམངས་མང་ཚོགས་ལ་སྔར་ལས་སྟབས་བདེ་དང་གཅིག་གྱུར།ཚད་ལྡན་བཅས་ཀྱི་སྒོ་ནས་དྲ་ཐོག་གི་ཞབས་ཞུ་འདོན་སྤྲོད་བྱེད་ཆེད།རྗེས་མར་ད་རུང་ཀྲུང་གོའི་སྤོ་སྒུལ་གྱི་དྲ་ཁྲིམས་ལ་བརྟེན་ནས།“མི་དམངས་ཁྲིམས་ཁང་གི་དྲ་ཐོག་ཞབས་ཞུ”སྔར་ལས་རིམ་པ་སྤར་ཏེ། རྒྱལ་ཡོངས་ཀྱི་རིམ་པ་བཞི་ཅན་གྱི་ཁྲིམས་ཁང་གིས་གཅིག་གྱུར་སྒོས་མི་དམངས་མང་ཚོགས་ལ་དྲ་ཐོག་ཞབས་ཞུ་འདོན་སྤྲོད་བྱེད་པའི་གཅིག་གྱུར་སྒེའུ་ཁུང་དུ་བསྒྱུར་རྒྱུ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1