གཟི་རྩ་སྡེ་དགུའི་སྐབས་སོ་གཉིས་པའི་དམངས་སྲོལ་རིག་གནས་དུས་སྟོན་སྤེལ་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་བརྙན་འཕྲིན་དྲ་བ། སྤེལ་དུས། 02-28


 

           སྤྱི་ཟླ་2པའི་ཚེས་25ཉིན། སི་ཁྲོན་རྔ་བ་ཁུལ་གཟི་རྩ་སྡེ་དགུ་མཛེས་ལྗོངས་ཁུལ་གྱི་སྐབས་སོ་གཉིས་པའི་དམངས་སྲོལ་རིག་གནས་དུས་སྟོན་སྤེལ་འགོ་ཚུགས་ཤིང་། བོད་ཀྱི་གྲོང་སྡེ་དགུའི་ཕོ་མོ་རྒན་གཞོན་ཚང་མས་དུས་ཆེན་གྱི་རྒྱན་གོས་སྤྲས་ནས་སྲོལ་རྒྱུན་གྱི་འབྲོང་དང་འབྲུག་བྲོ་སོགས་འཁྲབ་སྟེ་ལོ་སར་རོལ་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། ལོ་རྟག་པར་ལོ་སར་ཚེས་པ་7ཉིན་གཟི་རྩ་སྡེ་དགུས་དམངས་སྲོལ་རིག་གནས་དུས་སྟོན་གཟབ་རྒྱས་ཤིག་སྤེལ་བཞིན་ཡོད་ལ། དེ་ནི་གཟི་རྩ་སྡེ་དགུའི་ཡུལ་སྲོལ་རིག་གནས་འགྲེམ་སྟོན་དང་བོད་ཀྱི་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བའི་སྤྲོ་ཚོགས་ཆེན་མོ་ཞིག་ཀྱང་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1