གྲོས་མོལ་བྱས་ཏེ་གདོང་གཏུག་སེལ་དགོས་པའི་འབོད་སྐུལ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-15



 
     ཚེས་10ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་དེ་བས་ཆེ་བའི་གསར་གཏོད་ནུས་པ་དང་ཆོད་སེམས་ཀྱི་ཐོག་ནས་གྲོས་མོལ་དང་འདུམ་འགྲིག་བྱས་པ་བརྒྱུད་གདོང་གཏུག་ཐག་གཅོད་བྱེད་པའི་གོ་སྐབས་འཚོལ་དགོས་པའི་འབོད་སྐུལ་གནང་བ་རེད།
     ཀུའུ་ཐེ་ལེ་སི་ཡིས་ཐུར་ཁེར་འཚོགས་པའི་སྐབས་བརྒྱད་པའི་དབྱི་སི་ཐན་པུར་གྱི་འདུམ་འགྲིག་གནད་དོན་ཚོགས་འདུའི་ཐོག་བརྙན་ལམ་གསུང་བཤད་གནང་ནས་མིག་སྔར་འཛམ་གླིང་གི་ས་ཆ་མང་པོ་ཞིག་གི་གདོང་གཏུག་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུར་སེམས་ཁྲལ་གནང་བ་རེད། ཁོང་གིས་ས་བབ་ཐད་ཀྱི་ཆབ་སྲིད་མི་མཐུན་པའི་ཆ་དང་གདོང་གཏུག་གི་ས་ཁོངས་ཅན་དང་ཐར་ཐོར་ཅན་གྱིས་ཞི་བདེའི་འབད་བརྩོན་འཚོལ་རྒྱུར་འགོག་རྐྱེན་བཟོ་བཞིན་ཡོད། ལག་རྩལ་གསར་པས་མི་དེ་བས་མང་བས་གོ་ལ་ཧྲིལ་པོའི་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་ནུས་པ་ཁོང་དུ་ཆུད་པ། གསར་དུ་ཐོན་པའི་མངོན་མེད་གདོང་གཏུག་སྟེ་དཔེར་ན་དྲ་རྒྱའི་བར་མཐོངས་སྤྱད་དེ་རྒྱལ་སྤྱིའི་སྤྱི་ཚོགས་བཅོས་སྐྱོང་གྲུབ་ཆའི་ཁྲོད་ཀྱི་ཧེ་བག་མངོན་གསལ་དོད་པོ་ཡོང་བ་བྱེད་པ་བཅས་རེད།
     ཀུའུ་ཐེ་ལེ་སི་ཡིས་གསུངས་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་གནས་ཚུལ་དེ་དག་ལ་ལྟ་སྟངས་ཡང་དག་འཛིན་ནས་གསར་གཏོད་ཀྱི་ནུས་པ་དང་ཆོད་སེམས་དེ་བས་ཆེ་བའི་ཐོག་ནས་གྲོས་མོལ་དང་འདུམ་འགྲིག་བྱས་པ་བརྒྱུད། གདོང་གཏུག་ཐག་གཅོད་བྱེད་པའི་གོ་སྐབས་འཚོལ་ཐུབ་པ་བྱེད་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་དེ་བས་ལེགས་པའི་སྒོ་ནས་ཐག་གཅོད་བྱེད་ཐབས་བཙལ་ནས་ས་ཁུལ་དང་ལམ་སྲོལ་གཞན་དག་མང་པོ་སྤྱད་དེ་ཐུན་མོང་ཐོག་འདུམ་འགྲིག་བྱས་པ་བརྒྱུད《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱི་རྩོད་གཞི་ཞི་བའི་ངང་ཐག་གཅོད་བྱེད་པའི་ལྟེ་བའི་རྩ་དོན་ལ་ཞབས་འདེགས་ཞུ་དགོས།
     ཀུའུ་ཐེ་ལེ་སི་ཡིསགསུངས་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོགས་མིའི་རྒྱལ་ཁབ་དང་ས་ཁོངས་རྩ་འཛུགས། སྤྱི་དམངས་དང་སྤྱི་ཚོགས་བཅས་དང་མཉམ་ལས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་ཡིན། བར་འདུམ་ལེགས་འགྲུབ་བྱུང་མིན་ནི་རྒྱལ་སྤྱིའི་རྒྱབ་སྐྱོར་དང་ཆབ་སྲིད་ཀྱི་མཐུན་སྒྲིལ་ལ་རག་ལས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཆབ་སྲིད་ཐད་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། ཞི་བས་གདོང་གཏུག་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1