༄༅།།སེམས་ཀྱི་ཉི་ཟླའི་ས་མཐོའི་རྩི་ཤིང་ལྡུམ་རར་འཛུམ་ལ་བཞད་པའི་མེ་ཏོག་མཛེས།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། སྤེལ་དུས། 03-17




ཡུལ་མིས་ས་མཐོའི་རྩི་ཤིང་ལྡུམ་རར་མེ་ཏོག་ལ་ལྟད་མོ་ལྟ་བཞིན།

                                                            ཟླ5བ་སླེབས་པ་ན་སེམས་ཀྱི་ཉི་ཟླའི་ས་མཐོའི་རྩི་ཤིང་ལྡུམ་རའི་ནང་གི་ཡོ་རོབ་ཀྱི་ཟླུམ་གཞིའི་མེ་ཏོག་དང་ས་གནས་དེའི་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་པ་དེས་གྲོང་མི་དང་ཡུལ་སྐོར་བ་མང་པོའི་ཡིད་སེམས་དབང་མེད་དུ་འཕྲོག་འདུག

མིས་བཟོས་ཀྱིས་ཟེའུ་འབྲུ་སྡེབ་སྦྱོར་བྱེད་བཞིན།

    སེམས་ཀྱི་ཉི་ཟླའི་ས་མཐོའི་རྩི་ཤིང་ལྡུམ་ར་ནི་ཀྲུང་གོའི་བོད་རིགས་ས་ཁུལ་གྱི་སྤྱི་ཕན་རང་བཞིན་གྱི་རྩི་ཤིང་ར་བ་དང་པོ་ཡིན་པ་དང་། དེས་ལོ་མང་པོའི་རིང་ཡུན་ནན་དང་། སི་ཁྲོན། བོད་ལྗོངས་བཅས་འཕྲེད་བཅད་རི་བོའི་ཁུལ་གྱི་རྩི་ཤིང་སྣ་མང་རང་བཞིན་སྲུང་སྐྱོང་དང་། ཞིབ་འཇུག གསར་སྤེལ་བེད་སྤྱོད་སོགས་ཀྱི་ལས་དོན་ཧུར་གྱིས་སྒྲུབ་བཞིན་ཡོད་པ་རེད། 



ས་མཐོའི་མེ་ཏོག་ལྡུམ་རའི་མེ་ཏོག་སྣ་ཚོགས།

    རྒྱུས་ལོན་བྱུང་བ་ལྟར་ན། རྩི་ཤིང་ལྡུམ་ར་འདིས་ལོ་རེར་ཕྱི་རྒྱལ་ནས་མེ་ཏོག་རིགས་མང་བོ་ནང་འདྲེན་བྱས་ནས་འདེབས་འཛུགས་བྱེད་བཞིན་ཡོད། འདི་གཅིག་ནས་མེ་ཏོག་རིགས་འདི་དག་བདེ་ཆེན་གྱི་ས་མཐོའི་གནས་འདིར་འཚམས་མིན་ཚོད་ལྟ་བྱས་ཏེ། མེ་ཏོག་རིགས་འདི་དག་གིས་མཐོ་སྒང་གི་ནགས་ཚལ་གླིང་ག་མཛེས་བཟོ་འཛུགས་སྐྲུན་ལ་ཞབས་ཞུ་བྱེད་པ་དེ་ཡིན། གཉིས་ནས་ས་གནས་མང་ཚོགས་དང་ཡུལ་སྐོར་བའི་མེ་ཏོག་གི་མཛེས་སྡུག་ལ་རོལ་འདོད་ཀྱི་རེ་བ་སྐོང་ཆེད་ཡིན་པ་རེད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1