བྱིས་པའི་རིག་ནུས་ཆུ་ཚོད་འདི་རིགས་རྐུ་ལྟའི་ཡོ་ཆས་སུ་གྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-17



ད་ཆ་བྱིས་པ་མང་པོ་ཞིག་གིས་རིག་ནུས་ཆུ་ཚོད་བཀོལ་བཞིན་པ་སྟེ། ཁྱིམ་བདག་ཚོས་ཆུ་ཚོད་དེར་བརྟེན་ནས་བྱིས་པ་དང་འབྲེལ་གཏུག་བྱེད་ཐུབ་པ་མ་ཟད། བྱིས་པ་ཚོའི་འགྲོ་འདུག་ལའང་རྒྱུས་ལོན་བྱེད་ཐུབ་ཀྱི་ཡོད། སྒྲིག་སྦྱོར་ཅུང་ཞན་(低配)པའི་བྱིས་པའི་རིག་ནུས་ཆུ་ཚོད་མང་པོ་ཞིག་དྲ་ཐོག་ཚོང་ཁང་ཆེ་གྲས་ཁག་ཏུ་བྲིན་ཁ་རྒྱུག་པོ་ཡོད་པ་རེད། 

བྱིས་པའི་རིག་ནུས་ཆུ་ཚོད་འདི་རིགས་རྐུ་ལྟའི་ཡོ་ཆས་སུ་གྱུར།

3•15ཆ་འཕྲིན་བདེ་འཇགས་ཚོད་ལྟ་ཁང་གིས་ཆེད་དུ་ཚོད་ལྟ་བྱས་པ་སྟེ། བཟོ་བཀོད་པ་ཞིག་གིས་ཕྱིར་འཚོང་བྱེད་ཚད་ཁྲི་10ལྷག་ཟིན་པའི་བྱིས་པའི་རིག་ནུས་ཆུ་ཚོད་ཅིག་བདམས་ཏེ། ཆུ་ཚོད་ཐོག་མཉེན་ཆས་ཤིག་བཅུག་པ་ན། ཆུ་ཚོད་དེ་རྒྱང་རིང་ནས་ཚོད་འཛིན་(远程控制)བྱེད་ཐུབ་པར་གྱུར་ལ། བཟོ་བཀོད་པས་ཆུ་ཚོད་དེར་བརྟེན་ནས་བྱིས་པ་ས་གནས་གང་དུ་ཡོད་པ་རྒྱུས་ལོན་བྱེད་ཐུབ་པ་མ་ཟད། བྱིས་པ་ཚོའི་འགུལ་སྐྱོད་ཀྱི་བགྲོད་ལམ་འཚོལ་སྡུད་བྱེད་ཐུབ་པ་སྟེ། ཐ་ན་བྱིས་པའི་ཁྱིམ་དང་སློབ་གྲྭའི་བར་ཐག་ཤིན་ཏུ་ཉེ་ཞིང་སྐར་མ་ལྔའི་ནང་སླེབས་ཐུབ་པ་སོགས་རྒྱུས་ལོན་བྱེད་ཐུབ་པ་མ་ཟད། ད་རུང་བྱིས་པ་དང་ཁྱིམ་མི་བར་གྱི་ཁ་བརྡ་ཡང་གོ་ཐུབ་ཀྱི་ཡོད། 

བྱིས་པའི་རིག་ནུས་ཆུ་ཚོད་འདི་རིགས་རྐུ་ལྟའི་ཡོ་ཆས་སུ་གྱུར།

བྱིས་པའི་རིག་ནུས་ཆུ་ཚོད་ནི་རྐུ་ལྟ་བྱེད་ཆས་ཤིག་ཏུ་གྱུར་བའི་རྒྱུ་མཚན་ཅི་ཡིན་ནམ། ཚོད་ལྟ་བྱེད་མཁན་གྱིས་རྒྱུས་ལོན་བྱུང་བ་ལྟར་ན། དེའི་རྩ་བའི་རྒྱུ་རྐྱེན་ནི་ཆུ་ཚོད་ཀྱི་བཀོལ་སྤྱོད་མ་ལག་རྙིང་དྲགས་པས་ཡིན། 

བྱིས་པའི་རིག་ནུས་ཆུ་ཚོད་འདི་རིགས་རྐུ་ལྟའི་ཡོ་ཆས་སུ་གྱུར།

བྱིས་པའི་རིག་ནུས་ཆུ་ཚོད་འདི་རིགས་རྐུ་ལྟའི་ཡོ་ཆས་སུ་གྱུར།

ཆུ་ཚོད་དེའི་ནང་དུ་བཅུག་ཡོད་པ་ནི་དབང་ཚད་དོ་དམ་(权限管理)གང་ཡང་མེད་པའི་ཨན་ཀྲོའོ་མ་ལག་4.4ཡིན་ཏེ། མ་ལག་དེ་གསར་གཏོད་བྱས་ནས་ལོ་10འགོར་ཞིང་། དེའི་པར་གཞི་ནི་ཨན་ཀྲོའོ་12བར་དུ་གསར་བརྗེ་བྱས་ཡོད་པ་རེད། བཟོ་གྲྭས་མ་རྩ་ཇེ་དམའ་རུ་གཏོང་བར་བསམ་བློ་བཏང་སྟེ། པར་གཞི་རྙིང་ལ་དམའ་བའི་མ་ལག་ནང་འཇུག་བྱས་པ་དང་། འདི་ལྟ་བུའི་བྱིས་པའི་ཆུ་ཚོད་དུAppསྣ་ཚོགས་ཕབ་ལེན་བྱས་རྗེས། སྤྱོད་མཁན་གྱིས་ཆོག་མཆན་ཐོབ་མི་དགོས་པའི་ཆ་རྐྱེན་འོག་ཚོར་བ་སྐྱེན་པའི་དབང་ཚད་སྣ་ཚོགས་ཕྱེ་ཆོག་པ་སྟེ། དེས་བྱིས་པ་ཡོད་པའི་ས་གནས་དང་། མིའི་གདོང་གི་པར་རིས། སྒྲ་ཕབ་སོགས་ཀྱི་སྒེར་གྱི་ཆ་འཕྲིན་རྐུ་ལེན་ཐུབ་པས། བྱིས་པའི་བདེ་འཇགས་ལ་གནོན་འཚེ་ཐེབས་ཉེན་ཡོད་པ་རེད། 

བྱིས་པའི་རིག་ནུས་ཆུ་ཚོད་འདི་རིགས་རྐུ་ལྟའི་ཡོ་ཆས་སུ་གྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1