བོད་ལྗོངས་གཞིས་རྩེའི་ཁུལ་གྱི་རིག་དངོས་གསར་རྙེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-21



     སྤྱི་ཟླ་3ཚེས་8ཉིན་ནས་ཚེས་10ཉིན་བར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུས་ཀྱི་རྡོ་བརྐོས་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་གི་འབྲེལ་ཡོད་འགན་འཁུར་བས་དིང་རི་རྫོང་དང་ལྷ་རྩེ་རྫོང་ཁོངས་སུ་གསར་དུ་ཤེས་རྟོགས་བྱུང་བའི་རྡོ་བརྐོས་ས་ཚིགས་གཉིས་ལ་བརྟག་ཞིབ་ལས་དོན་སྤེལ་བ་དང་སྦྲགས་ཆོད་སྡོམ་རགས་ཙམ་བྱས་པར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཁོངས་ནས་གསར་དུ་རྙེད་པའི་རྡོ་བརྐོས་རིག་དངོས་གྱང་ནི་དུས་རབས་15པ་ནས་16པའི་བར་གྱི་རྡོ་བརྐོས་རིག་དངོས་ཁོངས་སུ་གཏོགས་པ་དང་། དེའི་ལོ་རབས་སྔ་བ་དང་། གྲངས་འབོར་མང་བ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པ་དང་། ལྷ་རྩེ་རྫོང་ཁོངས་ནས་གསར་རྙེད་བྱུང་བའི་དགེ་ལུང་རྡོ་ལྷ་སྤུན་གསུམ་གྱི་སྐུ་བརྙན་ལ་ཨེ་ཤེ་ཡ་ལྷོ་མའི་རྡོ་བརྐོས་སྐུ་བརྙན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད།

འབྲེལ་ཡོད་ལས་དོན་པས་དགེ་ལུང་རྡོ་ལྷ་སྤུན་གསུམ་ཐོ་བཀོད་བྱེད་བཞིན་པ།

     ཤེས་རྟོགས་བྱུང་བར་གཞིགས་ན། རྡོ་བརྐོས་རིག་དངོས་དེ་གཉིས་ལ་ལོ་རྒྱུས་ཀྱི་རིན་ཐང་དང་། སྒྱུ་རྩལ་གྱི་རིན་ཐང་། ཚན་རིག་གི་རིན་ཐང་། རིག་གཞུང་ཞིབ་འཇུག་གི་རིན་ཐང་བཅས་ཆེན་པོ་ལྡན་ཡོད་པས། རིག་དངོས་ས་ཚིགས་དེ་གཉིས་ཀྱི་ཁྱད་ཆོས་དང་། གཞི་ཁྱོན། དེ་བཞིན་ཕྱོགས་བསྡུས་རིན་ཐང་བཅས་ཀྱི་ཐད་གཞིས་རྩེ་གྲོང་ཁྱེར་དུ་མཐོང་དཀོན་པའི་རྡོ་བརྐོས་རིག་དངོས་ཀྱི་ཁོངས་སུ་གཏོགས་ཤིང་། སླད་ཕྱིན་རིག་དངོས་ས་ཚིགས་དེ་གཉིས་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པར་གང་མགྱོགས་ཁྱབ་བསྒྲགས་བྱས་ནས་རིམ་པ་གཅིག་གིས་མཐོ་བའི་སྲུང་སྐྱོབ་ཚན་པར་སྙན་གསེང་ཞུ་འཆར་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1