ཆོས་དབྱིངས་སྐྱིད་ལ་ལུན་ཏུན་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་རིམ་གསབ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-23



 
    ས་གནས་དེ་གའི་དུས་ཚོད་ཚེས་21ཉིན། རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་འོག་གི་རང་ཚུགས་བརྟག་དཔྱད་སྒྲིག་གཞིའི“མཆོང་རྒྱུག་འཕེན་གསུམ་གྱི་ཡིད་རྟོན་ཨུ་ཡོན་ལྷན་ཁང”གིས་སྤྱི་བསྒྲགས་སྤེལ་ནས། 2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྤྱི་ལེ་20ཡི་འདུར་རྒྱུག་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་མཁན་ཨུ་རུ་སུའི་བདམས་ཐོན་པ་ཡེ་ལེན་ན·ལཱ་ཧྲི་མ་ནོ་ཝ་ཡིས“སྒྲིག་འགལ་ངང་ངར་སྐྱེད་སྨན་ཟོས་པས་དེའི་གྲུབ་འབྲས་མེད་པ་བཟོས་ཡོད”ཅེས་བཤད་པ་རེད། མིག་སྔར། ཧྲི་མ་ནོ་ཝ་ཡིས“མཆོང་རྒྱུག་འཕེན་གསུམ་གྱི་ཡིད་རྟོན་ཨུ་ཡོན་ལྷན་ཁང”གི་གཏན་འབེབས་དང་ལེན་བྱས་པ་རེད།
   2016ལོ་ལ། 2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྤྱི་ལེ་20ཡི་འདུར་རྒྱུག་འགྲན་བསྡུར་གྱི་ཨང་གཉིས་པ་ཐོབ་མཁན་ཨུ་རུ་སུའི་བདམས་ཐོན་པ་ཁ་ཉི་ཧྲེ་ཅིན་ན་ཡིས་གཏན་འབེབས་ལས་འགལ་ནས་ངར་སྐྱེད་སྨན་ཟོས་པས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་དེའི་གྲུབ་འབྲས་མེད་པར་བཟོས་པ་མ་ཟད། ཨང་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་ཀྲུང་གོའི་ལུས་རྩལ་པའི་སྦྱངས་འབྲས་ཀྱང་རེ་རེ་བཞིན་རིམ་པ་གསབ་པ་རེད།
   དེར་ཕྱིར། ལ་ཧྲི་མ་ནོ་ཝའི་གསེར་གྱི་རྟགས་མ་མེད་པར་བཟོས་པ་དེས་ཀྲུང་གོའི་བདམས་ཐོན་པ་ཆོས་དབྱངས་སྐྱིད་དང་། ལིའུ་ཧུང་། ལུའི་ཞིའུ་ཀྲི་བཅས་སོ་སོར་རྣམ་གྲངས་དེའི་གསེར་དང་། དངུལ། ཟངས་བཅས་ཀྱི་རྟགས་མ་ཐོབ་པ་མཚོན་པ་རེད། 
   ཆོས་དབྱངས་སྐྱིད་ཀྱིས་སྐབས་དེར་ཨེ་ཤེ་ཡའི་ཟིན་ཐོ་ལས་བརྒལ་བའི་གྲུབ་འབྲས་བླངས་ཤིང་། ཨོ་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ་ཐོབ་མཁན་ཀྲུང་གོའི་བོད་རིགས་ལུས་རྩལ་པ་དང་པོར་གྱུར་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1