ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་མི་ཁྲི་ཁ་ཤས་ཀྱིས་ངོ་རྒོལ་ཕྱོགས་ཁག་གི་ཆབ་སྲིད་པ་རྐྱེན་ལམ་དུ་ཤོར་བར་མྱ་ངན་ཞུ་བའི་ཁྲོམ་སྐོར་རྒྱ་ཆེན་པོ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-03


             སྤྱི་ཟླ་3པའི་ཚེས་1ཉིན། མོ་སི་ཁོའི་མང་ཚོགས་ཀྱིས་ལག་ལ་རྒྱལ་དར་དང་སྦྱར་ཡིག་བཟུང་ནས་དེ་སྔོན་རྐྱེན་ལམ་དུ་ཤོར་བའི་ཨུ་རུ་སུའི་ངོ་རྒོལ་ཕྱོགས་ཁག་གི་འགོ་ཁྲིད་པ་དང་། ལས་ཐོག་སྔོན་མའི་ཙུང་ལི་གཞོན་པ་ནའེ་མུའུ་ཙའོ་ཧྥི་ལ་མྱ་ངན་ཞུ་བའི་ཁྲོམ་སྐོར་རྒྱ་ཆེན་པོ་ཞིག་བྱས་པ་རེད།

            གནས་ཚུལ་སྤེལ་བ་ལྟར་ན། མ་གཞི་ཉིན་དེར་ནའེ་མུའུ་ཙའོ་ཧྥི་ཡིས་ངོ་རྒོལ་ཕྱོགས་ཁག་གི་སྣེ་ཁྲིད་ནས་ཁྲོམ་སྐོར་བྱ་དགོས་པ་ཡིན་མོད། འོན་ཀྱང་ད་ལྟ་ཁོའི་རྒྱབ་སྐྱོར་བ་ཚོས་ཁོང་ལ་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་དགོས་ཐུག་པ་རེད་ཅེས་བཤད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1