རྔ་བ་ཁུལ་ཧུང་ཡོན་རྫོང་གིས་ནུས་ཤུགས་ཡོད་རྒུས་རྩྭ་ཐང་གི་དེང་རབས་ཅན་གྱི་ཕྱུགས་ལས་ཚོད་ལྟའི་ལས་གཞི་ལག་བསྟར་བྱ་རྒྱུ་རེད།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ། ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-04


           རྔ་བ་ཁུལ་ཧུང་ཡོན་རྫོང་གིས་ནུས་ཤུགས་ཡོད་རྒུས་རྩྭ་ཐང་གི་དེང་རབས་ཅན་གྱི་ཕྱུགས་ལས་ཚོད་ལྟའི་ལས་གཞི་ལག་བསྟར་བྱ་རྒྱུ་ཡིན་པ་སྟེ། རྩྭ་ཐང་ལ་སྐྱེ་སྟོབས་གསར་པ་བསྐྲུན་པ་དང་། ཕྱུགས་ལས་ཀྱི་ལས་ཕྱོད་ཇེ་མཐོར་གཏང་བ། འབྲོག་དམངས་ཀྱི་ཡོང་འབབ་ཇེ་མང་དུ་གཏང་བ་བཅས་སྐུལ་སྤེལ་བྱ་རྒྱུ་རེད། དང་པོ། སྐྱེ་ཁམས་སྲུང་སྐྱོང་སྔོན་འགྲོ་བྱ་དགོས་པ་སྟེ། ཕྱོགས་ཡོངས་ནས་རྩྭ་ཐང་སྲུང་སྐྱོང་ལམ་ལུགས་ལག་བསྟར་བྱ་རྒྱུ། གཉིས་པ། རྣམ་པ་གསར་པའི་ཚོང་ལས་ཀྱི་གཞི་རྐང་འཛུགས་དགོས་པ་སྟེ། ཆེད་ལས་ཀྱི་མཉམ་ལས་ཁང་འཕེལ་རྒྱས་གཏང་བ་དང་། ཧུར་བརྩོན་གྱི་སྒོ་ནས་འབྲོག་པའི་ཁྱིམ་ཚང་སྒེར་གྱི་ཚོང་ལས་དང་དུད་ཚང་མཉམ་འབྲེལ་ཚོང་ལས་ཀྱིས་རྨང་གཞི་བྱས་ཏེ་རིམ་པ་གཉིས་ལྡན་གྱི་ཚོང་ལས་ནང་རྐྱེན་འཛུགས་རྒྱུ། གསུམ་པ། འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་ནས་ལས་ཞུགས་ལ་སྐུལ་འདེད་གཏང་དགོས་པ་སྟེ། རྩྭ་ཐང་གི་མཛེས་ལྗོངས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སྲུང་སྐྱོང་བྱས་ཏེ་རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏང་དགོས། བཞི་པ། ཉེན་ཁའི་འགན་ལེན་གཙོ་བོར་འཛིན་དགོས་པ་སྟེ།  ཞིང་ཆེན་ཡོངས་ཀྱི་བོད་ཁུལ་དུ་ཆེས་ཐོག་མར་སྲིད་ཇུས་རང་བཞིན་ལྡན་པའི་ནོར་གནག་གི་གསོ་སྤེལ་འགན་ལེན་ལས་ཀ་སྤེལ་དགོས་པ་བཅས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1