གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༣ཚེས་༠༤ཉིན།

རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་དེ་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས།

          སྤྱི་ཟླ་3པའི་ཚེས་3ཉིན། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་དེ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས།

          རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་དེ་2015ལོའི་སྤྱི་ཟླ་3པའི་ཚེས་3ཉིན་གྱི་ཕྱི་དྲོའི་དུས་ཚོད་1གི་ཐོག་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་མོལ་ཞིབ་བཤེར་བྱས་པ་བརྒྱུད། ཡུས་ཀྲེན་ཧྲེང་གིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་གྱི་ལས་ཀའི་སྙན་ཞུ་ཕུལ་ཡོད་པ་དང་། ཆི་ཞུས་ཁྲུན་གྱིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་གྱི་སྐབས་བཅུ་གཉིས་པའི་སྲིད་གྲོས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་རིང་བཏོན་པའི་གྲོས་གཞིའི་ལས་ཀའི་གནས་ཚུལ་དང་འབྲེལ་བའི་སྙན་ཞུ་ཕུལ་བ་རེད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1