ཉི་སྟེང་གི་ཡུལ་ལྗོངས་གྲགས་ཅན་གྱི་སྤྱིའི་འཆར་གཞི་ལ་ཞིང་ཆེན་གྱི་ཆོག་མཆན་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་བརྙན་འཕྲིན་དྲ་བ། སྤེལ་དུས། 03-04


           མིག་སྔར། འདབ་པའི་ཉི་སྟེང་གི་ཡུལ་ལྗོངས་གྲགས་ཅན་གྱི་སྤྱིའི་འཆར་གཞི་ཞེས་པ་དེ་ལ་སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་ཞིབ་བཤེར་ཆོག་མཆན་གནང་བ་རེད། དེ་ལས་ཉི་སྟེང་ཡུལ་ལྗོངས་གྲགས་ཅན་གྱི་སྲུང་སྐྱོང་དང་། བེད་སྤྱོད། དོ་དམ། འཕེལ་རྒྱས་སོགས་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་དུས་རིམ་གསར་པར་སླེབས་པ་མཚོན་ཡོད། འཆར་གཞི་འདི་ནི་སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཆར་གཞི་ཇུས་འགོད་ཞིབ་འཇུག་ཁང་གིས་འགན་ཁུར་ཏེ་སྒྲིག་བཟོ་བྱས་པ་ཡིན་ལ། འཆར་གཞིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་1072.3ཡོད། དེའི་ནང་དུ་ཡུལ་ལྗོངས་ཁུལ་གཙོ་བོ་ཡིས་སྤྱི་ལེ་གྲུ་བཞི་མ་397.6ཟིན་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1