༄༅།། བོད་ཀྱི་ལོ་སར་གྱི་མཐོང་སྣང་།

བསྟན་འཛིན་ཉི་མས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-30



བསྟན་འཛིན་ཉི་མས་བྲིས།

        ཚོན་མདོག་རྣམ་པར་བཀྲ་བའི་བོད་ཀྱི་ལོ་སར་སྐབས་ཁྱིམ་མི་ཚང་མ་མཉམ་འཛོམས་བྱུང་ཞིང་། དྲོ་སྐྱིད་ལྡན་པའི་ཉི་འོད་ཁྲོད་སླར་ཡང་ལོ་གཅིག་དུས་གཅིག་གི་བོད་ཀྱི་ལོ་སར་ཚེས་བྱུང། སྤྱིར་བོད་ཀྱི་ལོ་སར་དེ་ལུགས་རྙིང་གི་ལོ་སར་དང་བསྡུར་ན་གཅིག་མཚུངས་ཀྱི་ཆ་ནི་ཟླ་དང་པོའི་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་ཡིན་པ་དང་མི་འདྲ་ས་ནི་ལུགས་གསར་ལས་ཟླ་དང་པོའི་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་ཡིན། སྤྱིར་བཏང་བྱས་ན་བོད་ཀྱི་ལོ་སར་ཚེས་གཅིག་དང་ལུགས་རྙིང་ལོའི་ལོ་སར་ཚེས་གཅིག་གཉིས་མཉམ་དུ་འཁེལ་གྱི་ཡོད་པའམ་ཡང་ན་ཉིན་གཅིག་གི་ཧེ་བག་དང་། ཡང་ན་ཟླ་བ་གཅིག་གི་ཧེ་བག །ཡང་ན་ཟླ་བ་གཅིག་དང་ཉིན་གཅིག་གི་ཧེ་བག་ཡོད་པ་སོགས་གནས་ཚུལ་རིགས་བཞི་ཐོན་གྱི་ཡོད་མོད། འོན་ཀྱང་2022ལོའི་བོད་ཀྱི་ལོ་སར་ལ་ད་དུང་ཟླ་བ་གཅིག་གི་ཧེ་བག་ཡོད་པ་སྟེ་སྤྱི་ཟླ་3པའི་ཚེས་3ཉིན་ནི་བོད་ཟླ་དང་པོའི་ཚེས་གཅིག་རེད།

        བོད་ཀྱི་ལོ་སར་ནི་བོད་རིགས་མི་དམངས་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་ལ་བོད་རིགས་ཀྱི་དུས་ཆེན་མང་པོའི་ཁྲོད་ཆེས་གཟབ་རྒྱས་དང་དམངས་སྲོལ་གྱི་ཉམས་འགྱུར་ལྡན་པའི་དུས་ཆེན་ཞིག་ཀྱང་རེད། 2011ལོའི་ཟླ་5པའི་ཚེས་23ཉིན་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་སྙན་ཞུ་བྱས་པ་བརྒྱུད་བོད་ཀྱི་ལོ་སར་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱིི་མིང་གཞུང་ཁག་གསུམ་པའི་ནང་བཅུག་པའོ།། 



རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།
༄༅། །ལྷ་སྐྱིད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1