༄༅།། དར་རྒྱས་ཆོས་འཕེལ་གྱི་རི་མོའི་བརྩམས་ཆོས་བདམས་བཀོད།

དོན་གྲུབ་ཆོས་སྒྲོན་གྱིས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-30



དོན་གྲུབ་ཆོས་སྒྲོན་གྱིས་བྲིས།

        དར་རྒྱས་ཆོས་འཕེལ་ནི་ན་གཞོན་རི་མོ་བ་ཞིག་སྟེ། ཚབ་མཚོན་བརྩམས་ཆོས་ལ《ཁྱིམ་སྲོལ་དང་སྒྲ་སྙན་རྡུང་ལེན》 གློག་རྡུལ་རོལ་རྩེད་མཉམ་འདྲེས་ཀྱི་འགུལ་རིས་མི་སྣའི་རིགས། ཐང་ག་ཐ་ལོའི་མུ་འབྲེལ་བརྩམས་ཆོས། བོད་ལུགས་བརྙན་རྒྱུའི་ཚུགས་ཐུབ་རི་མོ་སོགས་ཡོད་དེ། 2021ལོར་ལྷ་སའི་མངར་ཇ་ཁང་གི་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་དང་Machikསྒྱུ་རྩལ་དུས་ཚིགས་ཀྱི་འགྲེམས་སྟོན་དུ་ཞུགས། ཁོང་ནི་ཐང་གའི་འབྲི་ཐབས་དཔྱད་གཞིར་གནང་སྟེ་དེང་རབས་ཀྱི་དར་ཁྱབ་ཆེ་བའི་གཞི་རྒྱུ་དང་མཉམ་འདྲེས་བྱས་ནས་གསར་རྩོམ་བྱེད་པར་མཁས།

        ཕོ་བྲང་ནང་གི་ཆེད་བསྐོས་ལྷ་རིས་པ་ཡང་མེས་ཀྱི་ཤུགས་རྐྱེན་འོག །རང་ཉིད་ཀྱང་ཡང་མེས་ལགས་དང་འདྲ་བར་རླབས་ཆེན་གྱི་རི་མོ་མཁས་ཅན་ཞིག་ཏུ་འགྱུར་རྒྱུའི་རེ་བ་བཅངས་ཡོད་པར། ཆུང་དུས་སུ་ང་ལ་འདོད་བྲིས་ཚོན་དེབ་ཞིག་ཡོད། དེའི་སྟེང་དུ་བྲིས་པའི་རི་མོ་སྣ་ཚོགས་ཀྱིས་ངའི་དགའ་ཕྱོགས་དེ་ཟིན་ཐོར་བཀོད་ཡོད་ལ། སྐབས་དེར་མཇུག་ཏུ་ཐོན་རྫས་གང་འདྲ་ཞིག་ཡིན་ན་ཡང་ཅི་ཞིག་མཐོང་ན་དེ་འབྲི་སྲིད། འོན་ཀྱང་སྦྱོང་ཚན་སོགས་རྒྱུ་རྐྱེན་མང་པོ་ཞིག་གིས་རྐྱེན་པས་རིམ་བཞིན་རི་མོ་འབྲི་རྒྱུ་དོར་ཞིང་། འདོད་བྲིས་ཚོན་དེབ་དེའང་དེ་དང་བསྟུན་ནས་བོར་སོང་བ་རེད། སློབ་ཆེན་འགྲིམས་རྗེས་འདེམས་སྦྱོང་སློབ་ཚན་ཞིག་ཏུ་ངས་ཡང་བསྐྱར་ལག་ཏུ་པིར་སྨྱུག་ཐོགས། ཞ་སྨྱུག་ནས་པང་བྲིས་བར། ངས་རང་སྦྱོང་ལོ་གཉིས་ལ་བྱས། སྒྱུ་རྩལ་གྱི་ལས་ཀ་བྱས་མེད་མོད། འོན་ཀྱང་རི་མོ་འབྲི་རྒྱུ་དེས་ངའི་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ཅེས་ཟེར།

        མི་སྒེར་གྱི་ཁྱད་ཆོས་ལ་མཚོན་ནས་བཤད་ན། ང་ལ་ཐང་ག་བཞེངས་མཁན་གཞན་དག་དང་འདྲ་བར་རང་ཉིད་ལ་དབང་བའི་ཁྱད་ཆོས་གསལ་པོ་ཞིག་མེད། རྒྱུན་པར་འཆར་སྣང་ཐོན་སྐབས་(འབྱུང་ཁུངས་འདྲ་མིན་སྣ་ཚོགས་ཡོད་པ)གསར་རྩོམ་བྱེད་འགོ་བརྩམས་པ་ཡིན། འོན་ཀྱང་ངས་ཀྱང་རིམ་བཞིན་རང་ཉིད་ཀྱི་ཁྱད་ཆོས་འཚོལ་བཞིན་ཡོད། “སྙིང་རུས་ཡོད་ན་བྱ་བ་འགྲུབ”ཅེས་པའི་སྐད་ཆ་དེ་རྙིང་པ་ཡིན་ཡང་རྟག་ཏུ་རང་ཉིད་ལ་སྐུལ་ལྕག་བྱེད་ཐུབ། གྲངས་འགྱུར་ནས་སྤུས་འགྱུར་བར་བརྒྱུད་རིམ་ཞིག་དགོས་པ་དང་། རང་ཉིད་ཀྱིས་གསར་གཏོད་རང་བཞིན་གྱི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད”ཅེས་དར་རྒྱས་ཆོས་འཕེལ་གྱིས་གསར་འགོད་པར་འདི་ལྟར་ལན་གནང་། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1