གཙོ་ངོས།>> སྐྱེ་ཁམས།>>ཤེས་བྱ།

བན་ཆོས་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༣ཚེས་༣༠ཉིན།

༄༅།། ཧྲུའེ་མུའུ་ཡིས་རླུང་འཚུབ་ཚོར་དོན་ཅི།

        ཧྲུའེ་མུའུ(水母)ཞེས་པ་ནི་ཚུགས་ཀ་མཁའ་སྤྱོད་གདུགས་དང་འདྲ་ཞིང་ནང་ཁྲོལ་མེད་པའི་ཆུ་གཡེང་སྐྱེ་དངོས་ཀྱི་རིགས་ཤིག་ཡིན་ལ། རྒྱ་མཚོ་ཞི་འཇགས་སུ་གནས་དུས་རྒྱུན་པར་མཚོ་ངོས་སུ་འཕགས་ཏེ་ཆུ་ཁར་གཡེང་ནས་འདུག་པ་ཞིག་རེད། རླུང་འཚུབ་ལྡང་བའི་སྐབས་སུ། དེས་དེ་མ་ཐག་ཏུ་ཚོར་ཞིང་རླུང་འཚུབ་མཚོ་ངོས་སུ་མ་སླེབས་པའི་སྔོན་ལ་བྲེལ་སྟབས་ཀྱིས་མཚོ་ངོས་དང་བྲལ་ཏེ། རྒྱ་མཚོའི་འཇིངས་སུ་བུད་འགྲོ།
        འོ་ན་ཆུ་གཡེང་སྐྱེ་དངོས་དེས་རྒྱང་རིང་པོ་ནས་རླུང་འཚུབ་ལྡང་ཡོང་བ་ཇི་ལྟར་ཚོར་བ་རེད་དམ་ཞེ་ན། ཚན་རིག་པ་དག་གིས་ལོ་ངོ་མང་པོའི་རིང་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། ཆུ་གཡེང་སྐྱེ་དངོས་དེར་ཐུན་མོང་མ་ཡིན་པའི་ཐོས་ཚོར་དབང་བོ་ཞིག་ཡོད་པ་རྟོགས་ཤིང་། རྣམ་ཀུན་རླུང་འཚུབ་རྒྱ་མཚོར་མ་སླེབས་པའི་སྔོན་ལ་མཁའ་རླུང་དང་རྒྱ་མཚོའི་རྦ་རླབས་ཀྱི་བར་དུ་གཙུབ་བརྡར་ཕྲན་བུ་རེ་འབྱུང་སྲིད་ཅིང་། དེ་ནི་མིའི་རིགས་ཀྱིས་ཚོར་དཀའ་བའི་འགུལ་ཚད་ཧོ་ཙི8ནས13བར་གྱི་སྒྲ་རླབས་ཕལ་བ་ཞིག་ཡིན་པ་དང་། དེའི་མྱུར་ཚད་རླུང་འཚུབ་ལས་ཀྱང་ལྡབ་འགྱུར་གྱིས་མགྱོགས། དེ་ཧྲུའེ་མུའུ་ཡི་རྣ་བར་མཆེད་མ་ཐག་དབང་རྩར་ཐོས་ཚོར་སྐྱེས་ནས། རླུང་འཚུབ་ལྡང་འོང་པ་ཤེས་པ་རེད། ཚན་རིག་པ་དག་གིས་ཆུ་གཡེང་སྐྱེ་དངོས་དེའི་ཐོས་ཚོར་དབང་པོ་དེར་ལད་མོ་བྱས་ནས། རླུང་འཚུབ་སྔོན་དཔག་བྱེད་ཐུབ་པའི་འཕྲུལ་ཆས་ཤིག་བཟོས་ཤིང་། དེས་དུས་ཚོད་བཅུ་ལྷག་གི་སྔོན་ལ་རླུང་འཚུབ་ལྡང་འོངས་པ་ཚོར་ནུས་པས། དེ་མཚོ་འགྲུལ་ཡོ་ཆས་སུ་བཀོལ་བ་ནས་བཟུང་བདེ་འཇགས་ཐད་སྔར་ལས་ཁག་ཐེག་བྱེད་ཐུབ་ཡོད། །


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1