༄༅།། རྒྱ་མཚོ་ནི་ཇི་ལྟར་གྲུབ་པ་ཡིན།

འཕགས་སྒྲོན་འཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 03-30


        རྒྱ་མཚོ་ཡིས་སའི་གོ་ལ་ཧྲིལ་བོའི་རྒྱ་ཁྱོན་གྱི71%ཟིན་པ་དང་། སྐམ་ས་དང་བསྡུར་ན་ལྡབ་འགའ་ཡིས་ཆེ་བ་རེད། འོ་ན་རྒྱ་མཚོ་ནི་དོན་དངོས་སུ་ཇི་ལྟར་གྲུབ་པ་རེད་དམ་ཞེ་ན།
        ས་ཡི་གོ་ལ་ཐོག་མར་ཆགས་དུས་དེ་གྲུབ་བྱེད་ཀྱི་དངོས་པོ་སྣ་ཚོགས་ཀྱི་ཁྲོད་དུ་ཆུ་རྡུལ་དང་དངོས་པོ་འབོར་ཆེན་འདུས་ཡོད་པ་དང་། དེ་དག་བྲག་རྡོ་དང་འབྲེལ་ཞིང་། སའི་གོ་ལའི་ལྗིད་ཤུགས་ཀྱི་དབང་གིས་བྲག་རྡོའི་ཁྲོད་ཆུ་རླངས་ཕྱིར་ཕུད་ཅིང་། དུས་ཡུན་རིང་པོ་འགོར་བ་དང་བསྟུན་ནས། ས་འོག་གི་ཆུ་རླངས་ཇེ་མང་དུ་སོང་ཞིང་། དེ་དག་རྒྱུན་ཆད་མེད་པར་གཅིག་སྡུད་བྱས་མཐར། སའི་གོ་ལར་གཞི་ཁྱོན་ཆེ་བའི་ས་ཡོམ་བྱུང་བ་དང་། མེ་རི་འཕྱུར་ཚད་ཇེ་མང་དུ་སོང་བ་རེད། དེ་ནས་ས་འོག་ནས་འཕྱུར་བའི་ཆུ་རླངས་འབོར་ཆེན་བྲག་རྡོ་དང་གྱེས་ཏེ། ས་ཡོམ་དང་མེ་རི་སོགས་བྱུང་བར་བརྟེན་ས་ཤུན་ཕྱིར་མཆེད་པ་དང་། ཆུ་རླངས་ནམ་མཁར་མཆེད་ཅིང་ནམ་མཁའི་དྲོད་ཚད་ཇེ་དམའ་རུ་སོང་བས། ཐོག་མར་སྤྲིན་པར་འགྱུར་ཅིང་། དེ་ནས་ཆར་བར་གྱུར་མཐར་གདོད་མའི་གཤོང་སར་འདུས་ཤིང་ཆེས་སྔ་བའི་གཙང་པོ་དང་མཚེའུ་ཆགས་པ་རེད། གཙང་པོ་མཚམས་མ་ཆད་པར་ཕྱོགས་གཅིག་ཏུ་འདུས་མཐར་རྒྱ་མཚོ་གྲུབ་པའོ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1