གསེར་རྟ་རྫོང་གིས་མེ་ཟོན་དྲིལ་བསྒྲགས་ཀྱི་ལས་ཀ་འདི་འདྲ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-07



     གསེར་རྟ་རྫོང་གིས་མེ་ཟོན་དྲིལ་བསྒྲགས་ཀྱི་ལས་ཀ་འདི་འདྲ་སྤེལ།

    སྤྱི་ཟླ3པ་ནས5པའི་བར་གྱི་ནགས་ཚལ་དང་རྩྭ་ཐང་མེ་ཟོན་གྱི་“ཉིན་བརྒྱའི་འགག་སྒྲོལ་ཆེན་པོ”ལ་ནུས་ཤུགས་ཡོད་རྒུས་རྒྱལ་ཁ་ལོན་ཆེད། ནགས་ཚལ་དང་རྩྭ་ཐང་མེ་ཟོན་གྱི་དྲིལ་བསྒྲགས་སློབ་གསོའི་ལས་ཀ་ཡག་པོ་བསྒྲུབས་ནས་དམངས་ཡོངས་ཀྱི་མེ་ཟོན་འདུ་ཤེས་མཐོ་རུ་བཏང་བ་དང་མིས་བཟོས་མེ་སྐྱོན་གྱི་ལས་འཛོལ་ལ་སྔོན་འགོག་བྱས་ཏེ། རྫོང་མངའ་ཁོངས་ཀྱི་རྒྱ་ཁྱོན་ཆེ་བ་དང་མང་ཆེ་བ་འབྲོག་ལས་གཙོ་བོ་ཡིན་པ། དེ་བཞིན་ས་རྒྱ་ཆེ་ལ་མི་གྲངས་ཉུང་བ། འཁོར་རྒྱུག་ཆེ་བ་སོགས་ཡིན་པར་བརྟེན། གསེར་རྟ་རྫོང་གིས་བརྟག་ཞིབ་ལྔའི་ལས་དོན་འགག་རྩ་ལ་དམིགས་ནས་ནགས་ཚལ་དང་རྩྭ་ཐང་མེ་ཟོན་གྱི་དྲིལ་བསྒྲགས་སློབ་གསོ་ཁྱིམ་ཚང་སྟོང་དུ་བསྐྱོད་པའི་བྱེད་སྒོ་ཏན་ཏིག་སྤེལ་བ་རེད།

གསེར་རྟ་རྫོང་གིས་མེ་ཟོན་དྲིལ་བསྒྲགས་ཀྱི་ལས་ཀ་འདི་འདྲ་སྤེལ།

     མེ་ཟོན་དྲིལ་བསྒྲགས་ཀྱི་སློབ་གསོའི་ལས་དོན་དེ་དུད་ཚང་སོ་སོ་དང་མི་རེ་རེ་བཞིན་དུ་སྤེལ་བར་འགན་ལེན་བྱ་ཆེད། རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ16གིས་འཇོན་ནུས་ལྡན་པའི་མི་སྣ་སྒྲིག་འཛུགས་བྱས་ནས་འགྲིམ་འགྲུལ་སྟབས་མི་བདེ་བ་དང་བརྡ་རྟགས་མེད་སའི་ཐག་རིང་གི་གྲོང་ཚོ་དང་དུད་ཚང་། འབྲོག་ས་སོགས་སུ་བསྐྱོད་དེ། མི་འགྲོ་རྟ་འགེལ་བྱས་ནས་དུད་ཚང་རེ་རེའི་ས་ནས་ངོ་དང་ངོ་ཐུག་སྟེ་ནགས་ཚལ་དང་རྩྭ་ཐང་མེ་ཟོན་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།

གསེར་རྟ་རྫོང་གིས་མེ་ཟོན་དྲིལ་བསྒྲགས་ཀྱི་ལས་ཀ་འདི་འདྲ་སྤེལ།

     དྲིལ་བསྒྲགས་བྱེད་སྒོ་དེས་མེ་གསོད་དང་ཉེན་ཁ་གཡོལ་བའི་རྒྱུན་ཤེས་ཁག་ལ་འགྲེལ་བཤད་རྒྱག་པ་དང་། 《སློབ་གྲྭ་དང་ཞིང་ཁུལ། དགོན་པ་སོགས་ཀྱི་མེ་ཟོན་ཤེས་བྱའི་ལག་དེབ》བཀྲམ་པ་དང་འཕྲེད་ཡིག་འགེལ་བ། སྦྱར་ཡིག་སྦྱར་བ་སོགས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་དྲིལ་བསྒྲགས་སློབ་གསོ་སྤེལ་བ་རེད། རྒྱ་སྐད་མི་ཤེས་པའི་ཞིང་འབྲོག་མང་ཚོགས་འགའ་ཤས་ཀྱི་གནས་ཚུལ་ལ་དམིགས་ནས་བོད་རྒྱ་སྐད་གཉིས་ཀྱིས་ཁོ་ཚོ་ལ་ཁ་བརྡ་དང་གཏམ་རྒྱུད་བཤད་པའི་རྣམ་པའི་ཐོག་ནས་ཉེ་བའི་ལོ་ཤས་རིང་བྱུང་བའི་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་ཚབས་ཆེན་ཐེབས་པའི་གྱོད་གཞིའི་དཔེ་མཚོན་འགའ་ལ་གཞིགས་ཏེ་དོན་དངོས་བཤད་པ་དང་གནས་ལུགས་བརྗོད་པ་སོགས་ཀྱིས་གོ་བདེ་ཞིང་ཤེས་སླ་བའི་སྒོ་ནས་ནགས་ཚལ་དང་རྩྭ་ཐང་མེ་སྐྱོན་གྱི་གནོད་འཚེའི་རང་བཞིན་དང་ཚབས་ཆེའི་རང་བཞིན། གཏོར་བཤིག་རང་བཞིན་བཅས་དང་། དེ་བཞིན་མིས་བཟོས་མེ་སྐྱོན་ལ་ཁྲིམས་ལུགས་ཀྱི་འགན་འཁྲི་འཁུར་དགོས་པ་དང་འབྲེལ་ཡོད་ཀྱི་ཉེས་ཆད་གཅོད་པ་སོགས་ཤེས་རྟོགས་བྱེད་དུ་བཅུག་པ་རེད།

གསེར་རྟ་རྫོང་གིས་མེ་ཟོན་དྲིལ་བསྒྲགས་ཀྱི་ལས་ཀ་འདི་འདྲ་སྤེལ།

    མེ་ཟོན་དྲིལ་བསྒྲགས་ཁྱིམ་ཚང་སྟོང་དུ་བསྐྱོད་པའི་བྱེད་སྒོ་དེས་ཞིང་འབྲོག་མང་ཚོགས་ཀྱི་མེ་ཟོན་འདུ་ཤེས་མཐོ་རུ་གཏང་བ་དང་། ཐག་རིང་གི་འབྲོག་ཁུལ་དང་དུད་ཚང་ཡོངས་ལ་མེ་ཟོན་དྲིལ་བསྒྲགས་ཀྱི་སློབ་གསོ་ཟབ་མོ་ཞིག་འཕྲོད་ཐུབ་པར་བྱུང་ཡོད།

གསེར་རྟ་རྫོང་གིས་མེ་ཟོན་དྲིལ་བསྒྲགས་ཀྱི་ལས་ཀ་འདི་འདྲ་སྤེལ།

   ཐེངས་འདིའི་བྱེད་སྒོ་ནང་རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ16དང་། སྲིད་འཛིན་གྲོང་ཚོ129ཡི་དུད་ཚང10000ཡི་མང་ཚོགས46000ལྷག་ཙལ་ལ་དྲིལ་བསྒྲགས་ལག་དེབ8000དང་དྲན་སྐུལ་ཤོག་བྱང20000ལྷག་ཙམ་བཀྲམ་པ་དང་།འཕྲེད་ཡིག1000དང་སྦྱར་ཡིག7500ལྷག་ཙམ་འགེལ་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1