པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-11


 ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།
   ལི་ཁེ་ཆང་གིས་གཙོ་སྐྱོང་གནང་བ་དང་། ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཝང་ཆི་ཧྲན་བཅས་ཞུགས་པ། ཧན་ཀྲེང་གིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ།

ཟླ་4ཚེས་8ཉིན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།
  
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་གྱི་སྔ་དྲོ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས། རླབས་ཆེན་གྱི་བྱ་གཞག་གིས་རླབས་ཆེན་གྱི་སྙིང་སྟོབས་སྐྱེད་སྲིང་བྱེད་པ་དང་རླབས་ཆེན་གྱི་སྙིང་སྟོབས་ཀྱིས་རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་གི་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ནང་ཞུགས་མཁན་ཚང་མས་རླབས་ཆེན་དུས་རབས་ཀྱིས་སྤྲད་པའི་གོ་སྐབས་ལ་གཅེས་སྤྲས་བྱས་ཏེ། དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་འཐུས་རེ་ཞུ་དང་། གྲ་སྒྲིག་བྱེད་པ། གཉེར་བ་བཅས་ཀྱི་བརྒྱུད་རིམ་ཁྲོད་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་ཐུན་མོང་ཐོག་ཏུ་བཏོད་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་ནི་སྤྱི་ཡོངས་བློ་ལ་འཆང་བ་དང་། ཡིད་ཆེས་སྒོ་དབྱེ། དཀའ་བར་མི་འཛེམས་པར་མདུན་དུ་སྐྱོད་པ། ཁྱད་འཕགས་དོན་གཉེར། འབྱུང་འགྱུར་མཉམ་གཏོད་བཅས་རེད། ང་ཚོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། ཡིད་ཆེས་དེ་བས་བརྟན་པོ་དང་བློ་སྟོབས་དེ་བས་ཆེན་པོས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ཕྱོགས་སུ་དཔའ་ངར་ཞུམ་མེད་ངང་མདུན་སྐྱོད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཕྱོགས་སུ་དཔའ་ངར་ཞུམ་མེད་ངང་མདུན་སྐྱོད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
    ལི་ཁེ་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་། ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཝང་ཆི་ཧྲན་བཅས་ཞུགས་པ། ཧན་ཀྲེང་གིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ་རེད།
    ཆུ་ཚོད་10དང་སྐར་མ་30ལ་ཚོགས་ཆེན་འགོ་ཚུགས་ཤིང་། ཚང་མ་ཡར་བཞེངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད།
    དགའ་སྤྲོ་འཁོལ་བའི་རོལ་དབྱངས་ཀྱི་ཁྲོད་དུ་ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་མཁན་མི་སྒེར་དང་མཉམ་སྡེབ་ཀྱི་འཐུས་མིར་བྱ་དགའ་གནང་བ་རེད།
    ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པའི་ཁྲོད་དུ་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།
    ཞི་ཅིན་ཕིང་གིས། གྲུབ་འབྲས་ནི་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན་པ་དང་རྒྱལ་ཁ་ནི་ལས་སླ་པོར་ཐོབ་པ་ཞིག་གཏན་ནས་མིན། དུས་ཡུན་ལོ་7གྱི་སྤྱིར་བཏང་མིན་པའི་གྲ་སྒྲིག་བྱ་རིམ་ལ་ཕྱིར་མིག་ལྟ་སྐབས། ང་ཚོར་འབད་འཐབ་བྱེད་རིང་གྲུབ་འབྲས་ཐོབ་ནས་སྤྲོ་སྣང་འཕེལ་བ་དང་། འབད་འཐབ་བྱེད་རིང་བསམ་པའི་རྒྱུ་ནོར་ཕུན་སུམ་ཚོགས་པོ་ཐོབ་པ་མ་ཟད། ད་དུང་ཤིན་ཏུ་རྩ་ཆེ་བའི་ཉམས་མྱོང་ཡང་བསགས་ཡོད། དེ་དག་ནི་ང་ཚོས་གཅེས་འཛིན་ལྡབ་བརྒྱ་དང་དར་རྒྱས་གོང་འཕེལ་གཏོང་རིན་ཡོད་པ་ཤ་སྟག་རེད། དེས་ན་ངེས་པར་དུ་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་ཤིང་། ཀྲུང་གོ་གུང་ཁྲན་ཏང་ནི་ང་ཚོས་རླབས་ཆེན་བྱ་གཞག་གཏོད་པར་བློས་འཁེལ་ཤོས་ཀྱི་སྲོག་ཤིང་ཡིན་པས། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ན། མདུན་དུ་སྐྱོད་པའི་ལམ་བུའི་ཐོག་གི་དཀའ་ཉེན་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་ངེས་དང་། ང་ཚོས་སྒྲུབ་འདོད་པའི་བྱ་བ་གང་ཞིག་ཡིན་ཡང་ཚང་མ་སྒྲུབ་ཐུབ་ངེས་རེད། ངེས་པར་དུ་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དོན་ཆེན་སྒྲུབ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་སྤྱིར་བཏང་མིན་པའི་སྒྲིག་འཛུགས་སྐུལ་སློང་བྱེད་ནུས་དང་། སྤྱི་འདོམས་མཐུན་སྦྱོར་བྱེད་ནུས། ལག་ལེན་མཐར་ཕྱིན་བསྟར་ནུས། དེ་བཞིན་རང་རྒྱལ་གྱི་སྲ་ཞིང་བརྟན་པའི་དཔལ་འབྱོར་དངོས་ཤུགས་དང་། ཚན་རྩལ་དངོས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་ཀྱིས་ཨོ་རྩལ་འགྲན་ཚོགས་གྲུབ་འབྲས་ཐོན་པའི་ངང་གཉེར་བར་གདིང་ཤུགས་ཆེ་ཤོས་དང་འགན་སྲུང་བརྟན་ཤོས་བྱས་ཡོད། ངེས་པར་དུ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་རང་འགུལ་ངང་འགོག་ཟོན་བྱ་རྒྱུ་དང་ཁ་གཏད་གཅོག་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། མཐའ་ཚད་ཀྱི་བསམ་བློ་གཏོང་རྒྱུ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཉེན་ཁ་དང་འགྲན་སློང་འགོག་སེལ་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་བཅས་བྱས་ཏེ། སྔོན་ལ་བྱ་སྤྱོད་ཡག་པོ་སྤེལ་ནས་རང་འགུལ་དམག་འཐབ་ཡག་པོ་རྒྱག་དགོས། ངེས་པར་དུ་འགྲན་བསྡུར་གཉེར་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་དུ་སྤྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་དམངས་ཀྱི་ལུས་སེམས་དེ་བས་བདེ་ཐང་དང་། ལས་ཞུགས་དེ་བས་གང་ལེགས། འཚོ་བ་དེ་བས་མཛེས་སྡུག་ལྡན་པ་བཅས་བྱས་ནས་ཐུན་མོང་ཐོག་ཞུགས་ཐུབ་པ་དང་། ཐུན་མོང་ཐོག་ནུས་ཤུགས་ཡོད་རྒུ་འདོན་ཐུབ་པ། ཐུན་མོང་ཐོག་ལོངས་སྤྱོད་ཐུབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
    ཚོགས་འདུ་མ་འཚོག་གོང་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་རིང་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་མཉམ་སྡེབ་ཀྱི་འཐུས་མི་དང་། ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་མི་སྒེར། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ཁོངས་མི་བཅས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད། ད་དུང་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད། 
ཟླ་4ཚེས་8ཉིན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་འདུ་མ་འཚོག་གོང་ཞི་ཅིན་ཕིང་སོགས་ཀྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་རིང་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་མཉམ་སྡེབ་ཀྱི་འཐུས་མི་དང་། ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་མི་སྒེར། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ཁོངས་མི་བཅས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད། ད་དུང་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1