གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༣ཚེས་༠༥ཉིན།

ཕྱི་རྒྱལ་གྱི་མི་སྣས་ཀྲུང་གོའི་ཚོགས་ཆེན་གཉིས་ལ་དོ་སྣང་བྱས།

              ཞིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་དེ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གོའི་ལོ་གཅིག་དུས་གཅིག་གི་ཚོགས་ཆེན་གཉིས་ཀྱི་དུས་ཚོད་ལ་སླེབས་ཡོད། སྐབས་འདིར་ཕྱི་རྒྱལ་གྱི་མི་སྣ་ཁག་གཅིག་གིས། ད་ལོའི་ཚོགས་ཆེན་གཉིས་ཀྱི་ཐོག་གྲོས་བསྡུར་བྱ་བའི་བསྒྱུར་བཅོས་དང་གོང་འཕེལ་གྱི་འཐབ་ཇུས་བྱ་ཐབས་དེས། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་འཕར་སྣོན་ཡོང་རྒྱུར་འགན་ལེན་བྱ་ཐུབ་པར་མ་ཟད། འཛམ་གླིང་གི་དཔལ་འབྱོར་གོང་འཕེལ་ཡོང་བའི་ཐད་དུ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པའི་ངོས་འཛིན་བྱས་འདུག

            ཨ་རིའི་ཝ་ཧྲིང་ཐོན་རིག་མཛོད་ཁ་ནེ་ཅི་རྒྱལ་སྤྱིའི་ཞི་བའི་ཐེབས་རྩ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཕཱ་ཨར་གྱིས། ཀྲུང་གོའི་དཔལ་འབྱོར་མ་འཇོག་གིས་སྒུལ་ཤུགས་བྱེད་པ་ནས་ཞབས་ཞུས་སྒུལ་ཤུགས་བྱེད་པར་བརྗེ་བསྒྱུར་བྱ་དགོས། བརྗེ་བསྒྱུར་དེ་ནི་དཀའ་ཚེགས་ཆེ་བ་ཞིག་ཡིན། འོན་ཀྱང་དེས་དཔལ་འབྱོར་འཕར་སྣོན་དེ་བས་ཀྱང་རྒྱུན་མཐུད་ཡོང་རྒྱུ་རེད་ཅེས་བཤད་ཡོད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1