གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༤ཚེས་༡༣ཉིན།

༄༅།། གློག་འདི་རིགས་མིག་ལ་ཧ་ཅང་གནོད་པ་ཆེ།


       ཉེ་ཆར། པོད་ཕྲན་འབྲི་མཁན་ཞིག་གི་རྩོམ་ཞིག་གི་ནང་། རང་ཉིད་ཀྱིས་ཁོར་ཡུག་གློག་སྒྲོན་སྤྱད་པའི་དབང་གིས་མིག་རྩར་སྐྱོན་ཕོག་ནས། སེར་ཐིག་བྱུང་ཞིང་ཁྲག་ཐོན་པ་དང་། མིག་ཤེད་ཇེ་ཞན་དུ་གྱུར་ཞེས་འཁོད་ཡོད་པ་རེད།

       ཁོར་ཡུག་གློག་སྒྲོན་ནི་LEDགློག་སྒྲོན་གྱི་རིགས་ཤིག་ཡིན་ཞིང་། རང་ཉིད་ཀྱི་དགོས་མཁོར་གཞིགས་ནས་གློག་སྒྲོན་གྱི་གསལ་ཚད་དང་། ཁ་དོག་སོགས་བསྒྱུར་ཐུབ། འོད་ཤུགས་ཧ་ཅང་ཆེ་བའི་ཁོར་ཡུག་གློག་སྒྲོན་ལ་མཐོ་ནུས་རླབས་ཐུང་འོད་སྔོན་འདུས་པས། ཤེལ་གཟུགས་བརྒྱུད་དེ་མཐོང་བྱེད་དྲ་སྐྱིའི་ངོར་ཐད་ཀར་འཆར་ཐུབ། དུས་ཡུན་རིང་པོ་འགོར་ན་མཐོང་བྱེད་དྲ་སྐྱིར་རང་གྲུབ་གཞི་རྒྱུ་འབྱུང་སྲིད་པ་དང་། རང་གྲུབ་གཞི་རྒྱུ་འདི་དག་གིས་མཐོང་བྱེད་དྲ་སྐྱིའི་ཕྲ་ཕུང་རྙིང་འདས་སུ་བཏང་ནས། མཐོང་བྱེད་དྲ་སྐྱི་ལ་རྟག་བརྟན་རང་བཞིན་གྱི་གནོད་སྐྱོན་བཟོ་སྲིད།

       མིག་ལ་གནོད་བཟོ་བ་ལས་གཞན། མཐོ་ནུས་རླབས་ཐུང་འོད་སྔོན་གྱིས་ད་དུང་ནག་ཕུད་རྒྱུ་འཛག་ཐོན་ལ་ཚོད་འཛིན་བྱས་ཏེ། མིའི་རྒྱུན་ལྡན་གྱི་སྐྱེ་དངོས་སྲོལ་འགྲོས་ལ་གནོད་རྐྱེན་བཟོ་བས། སེམས་ཁམས་དང་། གཉིད་ཉལ་བ། མཉམ་འཇོག་ནུས་པ་སོགས་ལ་ཤུགས་རྐྱེན་བཟོ་བ་མ་ཟད། ཐ་ན་བརྗེ་ཚབ་འཁྲུགས་པོར་བཟོས་ནས། སྙིང་གི་ཁྲག་རྩའི་ནད་དང་གཅིན་སྙིའི་ནད་སོགས་ཀྱི་ཉེན་ཁ་ཇེ་ཆེར་བཟོ་སྲིད་པ་རེད། 
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1