གྲངས་ཉུང་མི་རིགས་ཀྱི་སྲིད་གྲོས་ཨུ་ཡོན་དང་ཆོས་ལུགས་སྡེ་ཁག་གི་སྲིད་གྲོས་ཨུ་ཡོན་ཚོ་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པར་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-05



          སྤྱི་ཟླ་3ཚེས་3ཉིན་གྱི་ཕྱི་དྲོར། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོན་མོ་རུ་འཚོགས་ཤིང་། མ་འོངས་པའི་ཉིན་10ཡི་རིང་ལ་རྒྱལ་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་2100ལྷག་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་གཏང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ནན་ཏན་སྒོས་ཏང་འཛུགས་སྐྱོང་དང་ཐབས་ཇུས་འདོན་པ་སོགས་ལ་གྲོས་བསྡུར་གནང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་རེད། པར་རིས་དག་ནི་གྲངས་ཉུང་མི་རིགས་ཀྱི་སྲིད་གྲོས་ཨུ་ཡོན་དང་ཆོས་ལུགས་སྡེ་ཁག་གི་སྲིད་གྲོས་ཨུ་ཡོན་ཚོ་ཚོགས་འདུར་ཞུགས་བཞིན་པའི་གནས་ཚུལ་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1