སྡེ་དགེ་རྫོང་གིས་སྔོ་ཚལ་བཏབ་ནས་དམངས་ཀྱི་ཡོང་སྒོ་འཕར་བར་རོགས་འདེགས་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-20



    སྡེ་དགེ་རྫོང་དབོན་ཐོག་དེང་རབས་ཞིང་ལས་གླིང་ཁུལ་གྱི་སྔོ་ཚལ་སྤྱིལ་བུའི་ནང་སྐྱེ་སྟོབས་ཀྱིས་བརྟས་པའི་རིགས་མི་གཅིག་པའི་སྔོ་ཚལ་མང་པོ་སྐྱེས་འདུག །དབོན་ཐོག་ཆུས་ནི་རི་ཁུལ་དྲོ་གྲང་གཉིས་ལྡན་གྱི་གནམ་གཤིས་ས་ཁུལ་དུ་གཏོགས་ཤིང་། ཆར་ཆུ་འབབ་ཚད་ལེགས་པས་གྲོ་དང་ནས་སོགས་ཀྱི་ཐོན་ཚད་ཅུང་མཐོ། སྡེ་དགེ་རྫོང་གིས་དབོན་ཐོག་རོང་ཁུལ་གྱི་ས་གཤིན་ལེགས་པའི་དགེ་མཚན་ལ་དམིགས་ནས་རྒྱལ་ནང་གི་ཚོང་ར་ཆེན་པོ་དང་འཛད་སྤྱོད་པའི་དགོ་མཁོ་ལྟར། ཞིང་ལས་ཐོན་ལས་ཀྱི་སྒྲིག་གཞི་ལེགས་བཅོས་དང་། སྤུས་ལེགས་ཅན་དང་གཞི་ཁྱོན་ཅན་གྱི་ཞིང་ལས་ཐོན་ལས་འཕེལ་རྒྱས་སུ་བཏང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1