སི་ཁྲོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-24



སྤྱི་ཟླ་4པའི་ཚེས་22ཉིན། བློ་མཐུན་ཕེང་ཆིང་ཧྭ་དང་བློ་མཐུན་ཝང་ཞའོ་ཧུའེ་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུའི་ཐོག་བརྩེ་བའི་ཕྱག་འཇུ་གནང་།


        ཟླ་4པའི་ཚེས་22ཉིན།  སི་ཁྲོན་ཞིང་ཆེན་གྱིས་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་འཚོགས་ཤིང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་བློ་མཐུན་ཝང་ཞའོ་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད། ཀྲུང་དབྱང་གི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་སྟེ། བློ་མཐུན་ཝང་ཞའོ་ཧུའེ་ཡིས་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྒྱུན་ཨུ། ཧྲུའུ་ཅི་བཅས་ཀྱི་འགན་བཞེས་རྒྱུ་ཡིན་ལ། བློ་མཐུན་ཕེང་ཆིང་ཧྭས་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་དང་རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་འགན་བཞེས་མི་གནང་བ་རེད། 
        ཕེང་ཆིང་ཧྭ་ཡིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་། ཝང་ཞའོ་ཧུའེ་དང་ཧོང་ཆའང་གིས་གསུང་བཤད་གནང་། ཐན་ཞང་ལི་གྲོས་ཚོགས་ལ་ཞུགས་པ་རེད།
        ཕེང་ཆིང་ཧྭ་ཡིས་ཀྲུང་དབྱང་གི་གྲོས་ཆོད་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་དང་ཁས་ལེན་བྱས་པ་ཡིན།  ཐེངས་འདིའི་སི་ཁྲོན་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོའི་གོ་གནས་ལེགས་སྒྲིག་བྱས་པ་ལས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་གིས་སི་ཁྲོན་ལ་ཐུགས་ཁུར་གནང་པ་དང་། སི་ཁྲོན་གྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་ལ་ཚད་མཐོན་པོས་མཐོང་ཆེན་གནང་བ། སི་ཁྲོན་གྱི་ལས་དོན་འཕེལ་རྒྱས་ལ་རེ་བ་ནན་མོ་བཅོལ་བ་མཚོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ང་ལ་སློབ་གསོ་དང་གསོ་སྐྱོང་། ཡིད་ཆེས་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། བློ་མཐུན་ཝང་ཞའོ་ཧུའེ་སི་ཁྲོན་ལ་ཞིང་ཆེན་ཏང་ཨུའི་ལས་ཀར་གཙོ་སྐྱོང་གནང་དུ་ཕེབས་པར་དགའ་བསུ་ཞུ་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག  བློ་མཐུན་ཝང་ཞའོ་ཧུའེ་གཙོ་བྱས་པའི་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་དང་། སི་ཁྲོན་གྱི་བྱ་གཞག་ཁག་ལ་གྲུབ་འབྲས་སྔར་ལས་གསར་པ་ཐོབ་པ། སི་ཁྲོན་གྱི་ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས། 
        ཝང་ཞའོ་ཧུའེ་ཡིས་ཀྲུང་དབྱང་གི་གཏན་འབེབས་ལ་བརྩི་བཀུར་དང་དང་ལེན་མཐའ་གཅིག་ཏུ་ཞུ་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཡིད་ཆེས་དང་བརྩེ་བ་ཟབ་མོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་བཀོད་བློ་ལ་བརྟན་པོར་བཅངས་ནས། སི་ཁྲོན་ས་ཆར་རྐང་ཚུགས་པར་བྱས་ནས་ནུས་ཤུགས་ཡོད་རྒུས་སི་ཁྲོན་མི་དམངས་ལ་ཞབས་འདེགས་དང་སི་ཁྲོན་གྱི་བྱ་བ་ལེགས་པོར་བསྒྲུབས་ནས་ཏང་ཀྲུང་དབྱང་གི་མངགས་བཅོལ་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་གཏན་ནས་གཏོང་རྒྱུ་མིན་ཞེས་གསུངས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1