གཙོ་ངོས།>> སྒྱུ་རྩལ།>>སྒྱུ་རྩལ་ཞིབ་འཇུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༣ཚེས་༠༦ཉིན།

བྱིས་པའི་མདོ་འཛིན་པ་རིན་ཆེན་མཚོ་མོར་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཚོགས་ཆེན་གྱི་གཟེངས་བསྟོད་ཐོབ།


             ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་བྱིས་པའི་ལེ་ཚན་གྱི་མདོ་འཛིན་པ་རིན་ཆེན་མཚོ་མོ་ལ་རྒྱལ་ཡོངས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཚོགས་ཆེན་གྱི་གཟེངས་བསྟོད་ཐོབ་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་མཇལ་འཕྲད་བྱུང་ལ། ཀྲུང་དབྱང་འགོ་ཁྲིད་ཀྱི་གཏམ་བཤད་ལ་གསན་པ་མ་ཟད། རྒྱལ་ཡོངས་ལོ་ན་མ་སོན་པའི་སྐྱེ་བོའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་བྱ་བའི་སྔོན་ཐོན་ཚབ་བྱེད་ཡིན་པའི་ཆ་ནས་གཏམ་བཤད་སྤེལ།
              མོས་རྒྱལ་ཡོངས་གསར་འགྱུར་དང་བརྙན་འཕྲིན་བྱ་སྒྲུབ་པར་གཤམ་གསལ་འདོད་ཐག་བསྒྲགས། གཅིག་ནས་འགན་འཁྲིའི་འདུ་ཤེས་དམ་པོར་བཟུང་སྟེ་རང་གི་ལས་འགན་ལེགས་པོར་སྒྲུབ་པ། གཉིས་ནས་མི་གཤིས་ལེགས་པོར་བསྐྱངས་ཏེ་འགན་ནུས་ཁུར་ཐུབ་པར་བྱེད་པ། གསུམ་ནས་བྱམས་སེམས་ཆེན་མོས་ཡར་བསྐྱེད་ཀྱི་ནང་དོན་སྒྲོག་སྤེལ་བྱེད་པ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1