གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༣ཚེས་༠༩ཉིན།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི་ནང་བསྟན་གྱི་ལས་དོན་གལ་ཆེན་ཞིག་རེད་ཅེས་གསུངས།

          སྤྱི་ཟླ་3ཚེས་4ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཆོས་ལུགས་ཁོངས་གཏོགས་ཨུ་ཡོན་ཚོ་ཆུང་གི་ཚོགས་རར་ཞུགས་ཤིང་། ཁོང་གིས་ཁ་བྱང་ལ་<<ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་སྔར་ལས་ལེགས་པའི་ངང་འཆམ་མཐུན་ཡོང་བར་བྱ་དགོས།>>ཞེས་པའི་གསུང་བཤད་གནང་ཞིང་། གསུང་བཤད་དེ་ཁོང་གི་གྲོས་གཞིར་བརྩིས་ནས་ཐེངས་འདིའི་ཚོགས་ཆེན་དུ་ཕུལ་བ་རེད།

             པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཆོས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ཡོད་ཅིང་། ཁོང་གིས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི་ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་རིང་ནང་བསྟན་གྱི་ལས་དོན་གལ་ཆེན་དང་ཁ་ཚ་དགོས་གཏུག་གི་དོན་དག་ཅིག་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམས་པའི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐྱོད་མཁན་བོད་བརྒྱུད་ནང་བསྟན་གྱི་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱ་རྒྱུའི་རེ་བ་ཡོད། དེ་ལྟར་བྱས་ཚེ་གཞི་ནས་བོད་བརྒྱུད་ནང་བསྟན་ལྷད་མེད་ཁུངས་དག་དང་། རྒྱལ་ཁབ་དཔལ་གྱིས་བརྒྱན་པ། འགྲོ་ཀུན་བདེ་ལ་འགོད་ཐུབ་ཅེས་གསུངས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1