ལྷོ་སྣེའི་འཁྱགས་ངོས་རྒྱ་ཁྱོན་ཆུང་དུ་སོང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-27



        གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་2པའི་ཟླ་མཇུག་བར། ལྷོ་སྣེའི་མཚོ་དར་གྱི་རྒྱ་ཁྱོན་སྤྱི་ལེ་སྨི་གྲུ་བཞི་མ་ཁྲི་200མན་བར་ཆུང་དུ་སོང་ནས། སྤྱི་ལེ་སྨི་གྲུ་བཞི་མ་ཁྲི་190ཙམ་ལས་མེད་པས་ལོ་རྒྱུས་ཀྱི་ཆུ་ཚད་དམའ་ཤོས་བཏོད་ཡོད་པ་རེད། 

        2020ལོར། ལྷོ་སྣེ་རུ་མཐོང་དཀོན་པའི་ཚ་བ་ཆེན་པོ་བྱུང་ཞིང་། དྲོད་ཚད་མཐོ་ཤོས་དེ་ལོ་སྔོན་མ་དག་གི་ཆ་སྙོམས་ཀྱི་དྲོད་ཚད་ལས་ཧྲེ་ཧྲི་ཏུའུ་9.2ཀྱིས་མཐོ་བ་ཡོད། ད་ལོའི་ཟླ་3པར་ལྷོ་སྣེ་གླིང་གི་ཤར་རྒྱུད་ཀྱི་ལྟ་ཞིབ་ཚད་ལེན་ས་ཚིགས་ཤིག་གིས་ཐ་ན་རྒྱུན་གཏན་གྱི་དྲོད་ཚད་ལས་ཧྲེ་ཧྲི་ཏུའུ་30ཡིས་མཐོ་བའི་རྒྱུན་གཏན་མིན་པའི་གནས་ཚུལ་ཚད་འཇལ་བྱུང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1