2015ལོའི་སི་ཁྲོན་ཞིང་ཆེན་གྱི་རིག་གནས་ཚན་རྩལ་འཕྲོད་བསྟེན་ཏེ་གཤམ་སྤེལ་གསུམ་གཞི་རིམ་དུ་བསྐྱོད་པའི་མཛད་སྒོ་གཟབ་རྒྱས་ངང་བསྡུས།

ངེད་གསར་འགོད་པ་ཤེས་བྱ་ཡིས། རྩོམ་སྒྲིག་པ།ཤེས་བྱ།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 03-09


          སྤྱི་ཟླ་3པའི་ཚེས་9ཉིན། 2015ལོའི་སི་ཁྲོན་ཞིང་ཆེན་གྱི་རིག་གནས་ཚན་རྩལ་འཕྲོད་བསྟེན་ཏེ་གཤམ་སྤེལ་གསུམ་གཞི་རིམ་དུ་བསྐྱོད་པའི་མཛད་སྒོ་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་གཟབ་རྒྱས་ངང་བསྡུས། སི་ཁྲོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝུའུ་ཅིན་ཕིང་མཛད་སྒོའི་ཐོག་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་།

           གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་སྒོ་རུ་རྔ་བ་ཁུལ་དང་དཀར་མཛེས་ཁུལ་ཏེ་སྤྱིའི་རུ་ཁག་2དང་ཡན་ལག་རུ་ཁག་5སྒྲིག་འཛུགས་བྱས་ཤིང་། དེ་དག་གིས་བོད་རྒྱ་ཡིག་རིགས་གཉིས་ཀྱི་སྒྲོག་འགྲེལ་ཡན་ལག་རུ་ཁག་5གྲུབ་ཡོད། དེ་མིན་ཞིང་ཆེན་ཡོངས་ནས་ཕེབས་པའི་རིག་རྩལ་ལས་སྒྲུབ་པ་དང་སྨན་པ། ཚན་རྩལ་ལས་སྒྲུབ་པ། ཁྲིམས་ལུགས་ལས་སྒྲུབ་པ་སོགས་ཁྱོན་མི་གྲངས་300ཙམ་ཕེབས་ཡོད། ཁོང་ཚོ་བོད་ཁུལ་གྱི་ཡུལ་ཤོག་དང་གྲོང་སྡེ། འབྲོག་དམངས་གཏན་སྡོད་ཁུལ། དགོན་པ་སོགས་སུ་ཟབ་ཞུགས་བྱས་ཏེ། ཉིན་བཅུའི་རིང་ལ་རིག་རྩལ་འཁྲབ་སྟོན་དང་། སྨན་བཅོས་ནད་བརྟག ཁྲིམས་ལུགས་འདྲི་རྟོག ཕྱོགས་བསྡུས་སྒྲོག་འགྲེལ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།


           ཐེངས་འདིའི་བྱེད་སྒོ་ནི་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་ཁྲིམས་ཁང་སོགས་སྡེ་ཁག་21གིས་བསྒྲུབ་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1