༄༅། །རླངས་འཁོར་གྱི་རླུང་འགོག་ཤེལ་སྒོ་གསེག་ཡོད་པའི་རྒྱུ་མཚན་ཅི།

ཚེ་མཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-28


        ཁྱོད་ཀྱིས་མཉམ་འཇོག་བྱས་མྱོང་ངམ། སྤུས་རྟགས་དང་བཟོ་དབྱིབས་གང་ཞིག་གི་རླངས་འཁོར་ཡིན་རུང་། དེའི་རླུང་འགོག་ཤེལ་སྒོ་ནམ་ཡང་རྒྱབ་ཕྱོགས་སུ་གསེག་ཡོད། དེའི་རྒྱུ་མཚན་ཅི་ཡིན་ནམ་ཞེ་ན།
        གཅིག་ནས་རླངས་འཁོར་གྱི་ཕྱི་ཚུལ་ལ་བསམ་བློ་བཏང་ཡོད་པ་སྟེ། ཇུས་འགོད་དེས་རླངས་འཁོར་གྱི་ཕྱི་ཚུལ་ལ་སྔར་བས་མཛེས་ཉམས་མངོན་པར་བྱས་ལ། གཉིས་ནས་རླངས་འཁོར་ལེགས་བཅོས་བྱེད་པའི་ངོས་ཐད་ནས་བསམ་བློ་བཏང་ཡོད། རླུང་འགོག་ཤེལ་སྒོ་གསེག་ནས་བཞག་ཡོད་པ་དེས་མཁའ་རླུང་གི་འགོག་ཤུགས་ཇེ་ཆུང་དུ་གཏོང་ཐུབ་པས།རླངས་འཁོར་རྒྱུག་ཐིག་ཅན་གྱི་ཕྱོགས་སུ་འཕེལ་བ་དང་འཕྲོད་མཐུན་བྱུང་ཡོད།
        གསུམ་ནས་རླངས་འཁོར་གྱི་རླུང་འགོག་ཤེལ་སྒོ་གསེག་ནས་བཞག་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ནི། རླངས་འཁོར་ཤར་བགྲོད་སྐབས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་ཆེད་ཡིན། གལ་ཏེ་རླངས་འཁོར་གྱི་རླུང་འགོག་ཤེལ་སྒོ་དྲང་མོར་བཞག་ཡོད་ན། སྐབས་རེར་ཤེལ་སྒོའི་ལྡོག་འོད་འཕྲོས་ཏེ། རླངས་འཁོར་ནང་གི་དངོས་ལྗོངས་ཡོད་ཚད་ཤེལ་སྒོའི་སྟེང་དུ་ཤར་བ་དང་། དེ་དང་རླངས་འཁོར་ཕྱི་རོལ་གྱི་དངོས་་ལྗོངས་ཀྱི་གཟུགས་བརྙན་རྣམས་གཞི་གཅིག་ཏུ་འདྲེས་ཏེ། ཁ་ལོ་པར་མཐོང་ཚོར་གྱི་རྙོག་དྲ་བཟོ་བ་དང་། ཁ་ལོ་པས་ལམ་དང་ཆུ་རྒྱུན།འགྲུལ་བཞུད་བཅས་ཀྱི་གནས་ཚུལ་གསལ་བོ་མཐོང་མི་ཐུབ་པས། འགྲིམ་འགྲུལ་དོན་རྐྱེན་འབྱུང་སླ་བ་རེད། རླུང་འགོག་ཤེལ་སྒོ་ཅུང་ཙམ་གསེག་ཏུ་བཅུག་ན་ཁ་ལོ་པར་མཐོང་ཚོར་གྱི་རྙོག་དྲ་མི་བཟོ་བས། ཤར་བགྲོད་བདེ་འཇགས་ཡོང་བར་ཁག་ཐེག་བྱེད་ཐུབ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1