གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

འཕགས་སྒྲོན་འཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༤ཚེས་༢༨ཉིན།

༄༅།། ཟམ་པ་ལ་ཟམ་གདུང་དགོས་པའི་རྒྱུ་མཚན་ཅི།

        དེང་རབས་ཅན་གྲོང་ཁྱེར་གྱི་འགྲིམ་འགྲུལ་དགོས་མཁོ་དང་ཟམ་པ་བཟོ་བའི་ལག་རྩལ་ཟམ་མི་ཆད་པར་ཡར་རྒྱས་བྱུང་བ་དང་བསྟུན་ནས། གྲོང་ཁྱེར་གྱི་འགྲོ་ལམ་དང་ཆུ་བོ།ལྕགས་ལམ་བཅས་ཀྱི་སྟེང་དུ་ཟམ་པ་རྣམ་པ་སྣ་ཚོགས་སྐྲུན་བཞིན་ཡོད། ཡིན་ནའང་ཆུ་ཐོག་གི་ཟམ་པ་དང་ཡང་ན་སྐམ་སའི་ཟམ་པ་གང་ཞིག་ཡིན་རུང་། དེ་དག་ལ་འདྲ་ས་ཞིག་ཡོད་པ་ནི་དེང་རབས་ཀྱི་ཟམ་པ་ཚང་མར་ཟམ་གདུང་རིང་པོ་ཞིག་བཞག་ཡོད་པ་དེ་རེད།
        ཆུ་ཐོག་ཟམ་པ་སྐྲུན་པའི་སྐབས་སུ། གྲུ་གཟིངས་ཆེ་རིགས་ཟམ་པའི་འོག་ནས་བདེ་བླག་ངང་བསྐྱོད་ཐུབ་པའི་ཆེད་དུ། ཟམ་པའི་འོག་ཏུ་མཐོ་ཚད་ཀྱི་སྟོང་ཆ་ངེས་ཅན་ཞིག་འཇོག་དགོས། དེ་བས་ཟམ་པ་ངེས་པར་དུ་མཐོན་པོར་བསྐྲུན་དགོས། གལ་ཏེ་ཟམ་པ་མཐོ་དྲགས་ན་ཟམ་པ་དང་ངོགས་གཉིས་དབར་གྱི་གཟར་ཚད་ཆེ་རུ་འགྲོ་བས།ཟམ་པའི་སྟེང་འོག་གི་འགྲིམ་འགྲུལ་ལ་གནོད་འཚེ་ཚབས་ཆེན་ཐེབས་སྲིད། དེ་བས་ཟམ་གདུང་ནི་ཟམ་པ་དང་གཞུང་ལམ་བར་གྱི“བར་བརྒལ”ལྟ་བུ་ཡིན་ཞིང་། དེས་ལམ་ངོས་རིམ་བཞིན་ཇེ་མཐོར་གཏོང་བའམ་ཡང་ན་རིམ་བཞིན་ཇེ་དམའ་རུ་བཏང་ནས། རླངས་འཁོར་སྣ་ཚོགས་བདེ་བླག་གིས་ཟམ་ངོས་སུ་བརྟན་པོར་འབབ་ཐུབ་པར་བྱས་ཡོད།
        གྲོང་ཁྱེར་གྱི་བགྲོད་ལམ་དང་ལྕགས་ལམ་སྟེང་དུ་བཞག་ཡོད་པའི་སྣོལ་ཟམ་ནི། ཟམ་པའི་སྟེང་འོག་ཀུན་ནས་རླངས་འཁོར་ཤར་བགྲོད་ཐུབ་པའི་ཆེད་ཡིན་ལ། ཟམ་ངོས་དང་ཐང་ངོས་གཉིས་ཀྱི་མཐོ་ཚད་ལ་ཧེ་བག་ཆེན་པོ་ཡོད་ན། དེར་ཟམ་གདུང་ཧ་ཅང་རིང་པོ་ཞིག་འཛུགས་དགོས་པ་ཡིན། ཟམ་པ་ཆེན་པོའི་རིགས་ཀྱི་ཟམ་གདུང་ནི་སྐབས་འགར་ཟམ་པ་ལས་ཀྱང་རིང་བ་ཡོད། མི་རྣམས་ཀྱིས་ཟམ་སྣེ་དྲང་མོ་ཅན་གྱི་ཟམ་གདུང་འཛུགས་པར་མ་ཟད། སྐབས་ལན་རེར་འཁྱིལ་འཁོར་དབྱིབས་ཀྱི་ཟམ་གདུང་ཡང་འཛུགས་པ་རེད། རྒྱུ་མཚན་ནི་འཁྱིལ་འཁོར་དབྱིབས་ཀྱི་ཟམ་གདུང་ལ་བརྗིད་ཉམས་ལྡན་པར་མ་ཟད་བར་སྟོང་ཡང་གྲོན་ཆུང་བྱེད་ཐུབ་པས་སོ། །


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1