༄༅། །ང་ཚོས་མཚོ་ཞབས་ཀྱི་འཇིག་རྟེན་ལ་འཚོལ་ཞིབ་ཇི་ལྟར་བྱེད་དགོས་སམ།

བསོད་ནམས་དངོས་གྲུབ་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-28


        མིའི་རིགས་ཆུ་འོག་ཏུ་འཛུལ་བར་ཟབ་ཚད་ལ་ཚད་བཀག་ཡོད་པས།ཡངས་ཤིང་རྒྱ་ཆེ་བའི་རྒྱ་མཚོ་ནི་མི་རྣམས་ལ་མཚོན་ན་ལོ་མང་པོར་རྟོགས་དཀའ་བའི་གསང་བ་ལྐོག་གྱུར་ཞིག་ཏུ་གྱུར་ཡོད། ད་ལྟ་མི་རྣམས་ཀྱིས་རྒྱ་མཚོར་རྒྱུས་མངའ་ཆེན་པོ་བླངས་ཡོད་ཅེས་བཤད་ཆོག་ལ།དེ་ནི་ཡང་སྙིང་ཇི་ལྟར་བླངས་པ་རེད་དམ་ཞེ་ན།
        དེ་ཚང་མ་སྒྲ་བརྟེན་ཚད་ལེན་ལག་རྩལ(声纳技术)གྱི་འཕེལ་རྒྱས་ལ་བརྟེན་ནས་བྱུང་བ་རེད། སྒྲ་བརྟེན་ཚད་ལེན་ལག་རྩལ་ནི་སྒྲ་རླབས་ལ་བརྟེན་ནས་བྱ་བ་སྒྲུབ་པའི་ལག་རྩལ་ཞིག་ཡིན་ལ།སྒྲ་བརྟེན་ཚད་ལེན་འཕྲུལ་ཆས(声纳)ནི་དེའི་སྒྲིག་ཆས་གཙོ་བོ་ཡིན། སྒྲ་བརྟེན་ཚད་ལེན་འཕྲུལ་ཆས་ལ་རིགས་མང་པོ་ཡོད་པ་དང་།ད་ལྟ་འཕེལ་རྒྱས་སུ་སོང་ནས་འཚོལ་ཞིབ་དང་།མྱུལ་ཞིབ།ཕྱོགས་སྟོན།གནས་ཚད་གཏན་ཁེལ།འབར་མདེལ་འཚོལ་ཞིབ།འཕྲིན་གཏོང་སོགས་ཀྱི་སྒྲ་བརྟེན་ཚད་ལེན་འཕྲུལ་ཆས་ཡོད། སྒྲ་བརྟེན་ཚད་ལེན་འཕྲུལ་ཆས་ནི་གློག་རྡུལ་ཕྲ་མོའི་རྩིས་འཁོར་གྱི་དུས་རབས་སུ་སླེབས་ཡོད་པས། རང་འགུལ་ཅན་དང་རིག་ནུས་ཅན་གྱི་རྣམ་པ་གསར་པའི་སྒྲ་བརྟེན་ཚད་ལེན་འཕྲུལ་ཆས་བྱུང་ཡོད།
        མི་ཁ་ཤས་ཀྱིས་སྒྲ་རླབས་བཀོལ་བ་ལས་གློག་ཁབ་ལེན་གྱི་རླབས་ཕྲེང(电磁波)སྤྱད་དེ་ཆུ་འོག་གི་འཇིག་རྟེན་ལ་འཚོལ་ཞིབ་བྱས་ན་མི་བཟང་ངམ་ཞེས་འདྲི་སྲིད། ཆུ་ནི་གློག་ཁྲིད་དངོས་པོ(导电体)ལེགས་པོ་ཞིག་ཡིན་པ་དང་།གློག་ཁབ་ལེན་གྱི་རླབས་ཕྲེང་ཆུའི་ནང་དུ་ཞུགས་མ་ཐག་ཏུ་སྡུད་ལེན་དང་ཟད་གྲོན་བྱུང་སྟེ་རྒྱང་རིང་དུ་བརྒྱུད་ཐབས་མེད། སྒྲ་ནི་ཆུ་ནང་དུ་ཁྱབ་ཚད་ཤིན་ཏུ་རིང་ལ། འགར་རྫས་སྟོང་ཁེ1གི་འགས་སྒྲ་དེ་སྟོང་སྨི་ཁྲི1གི་ཕ་རོལ་ནས་གོ་ཐུབ། སྒྲ་ནི་ཆུའི་ནང་དུ་ཁྱབ་པའི་མྱུར་ཚད་ཀྱང་སྐར་ཆ་རེར་སྨི1500ཡིན།དེ་བས་སྒྲ་རླབས་ལ་བཀོལ་སྤྱོད་ཀྱི་རིན་ཐང་ལེགས་པོ་ཡོད། བསྡུ་ལེན་བྱས་པའམ་ཡང་ན་ལྡོག་འཕྲོ་བྱས་པའི་སྒྲ་རླབས་ཀྱི་ངོ་བོར་བལྟས་ནས། ཆུའི་ནང་གི་དངོས་གཟུགས་ཀྱི་གནས་ཚུལ་ཤེས་ཐུབ། སྒྲ་བརྟེན་ཚད་ལེན་ལག་རྩལ་འཕེལ་རྒྱས་སུ་སོང་བ་དེས་མིའི་རིགས་ལ་རོགས་རམ་ཆེན་པོ་བྱས་ཡོད། །



རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1