འབྲོག་པའི་པར་ཆས་ནང་གི་གཙང་གསུམ་ཆུ་འགོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-07



     གཙང་གསུམ་ཆུ་འགོའི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནང་ཁུལ་དུ་གནས་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་དུ་དམིགས་བསལ་གྱི་དཔུང་ཁག་ཅིག་ཡོད་ཅིང་། ཁོང་ཚོས་སྣོད་བཅུད་སྲུང་སྐྱོང་གི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་བ་དང་ཆབས་ཅིག་པར་ཆས་ལ་བརྟེན་ནས། གཙང་གསུམ་ཆུ་འགོའི་ཉམས་འགྱུར་སྣ་ཚོགས་པར་ལེན་ཡང་བྱས་ཡོད་པ་རེད། ཁོང་ཚོ་ནི་ཆུ་དམར་ལེབ་རྫོང་གི་ཤང་དང་གྲོང་རྡལ་ཁག་གི་ཞིང་འབྲོག་པ་ལས་གྲུབ་པའི་རང་བྱུང་ཁམས་ཆེན་མོའི་པར་རྒྱག་རུ་ཁག་རེད། ཁོངས་མི་84ཡོད་པའི་དཔུང་ཁག་དེའི་ནང་ཞིང་འབྲོག་པ་ཕྱེད་ཀ་ཙམ་ནི་སྣོད་བཅུད་བདག་སྐྱོང་པ་ཡིན་པ་དང་། ཁོང་ཚོས་ཉིན་ལྟར་རི་སྐོར་རྒྱག་སྐབས་པར་ཆས་ནང་རྩ་ཆེའི་སྐད་ཅིག་མ་ཟིན་ཐོར་བཀོད་ནས་ཕན་ཚུན་ལོངས་སྤྱོད་དང་གྲོས་བསྡུར་བྱེད་ཀྱི་ཡོད་པ་རེད།


     ང་ཚོས་ལོ་རེར་རང་བྱུང་ལྟ་ཞིབ་དུས་ཆེན་གྱི་བྱེད་སྒོ་ཐེངས་རེ་སྒྲིག་འཛུགས་བྱེད་ཀྱི་ཡོད། ད་བར་སྐབས་དྲུག་གཉེར་ཡོད། དེའི་བརྗོད་བྱ་གཙོ་བོ་ནི་མཛེས་ལྗོངས་དང་སྲོག་ཆགས་པར་ལེན་བྱ་རྒྱུ་དེ་རེད། པར་རྒྱག་རུ་ཁག་གི་སྒྲིག་འཛུགས་པ་དགའ་ཐར་གྱིས་ལག་ཐོགས་ཁ་པར་ནང་ཉར་ཚགས་བྱས་པའི་རང་བྱུང་མཛེས་ལྗོངས་ལ་མཛུབ་མོ་བཙུགས་ཏེ་བཤད་རྒྱུར། ང་ཚོའི་རུ་མི་ཚོ་རྒྱུན་དུ་པར་རྒྱག་འགྲན་བསྡུར་ནང་ཞུགས་ནས་བྱ་དགའ་ཡང་ཡང་ཐོབ་པར་མ་ཟད། ད་དུང་མི་20མཚོ་སྔོན་ཞིང་ཆེན་པར་རྒྱག་མཁས་ཅན་མཐུན་ཚོགས་ནང་ཞུགས་ཡོད།


     གཙང་གསུམ་ཆུ་འགོ་དང་ཉེ་བ་ནི་དཔུང་ཁག་དེའི་ལེགས་ཆ་ཡིན་ཞིང་། ལེགས་ཆ་དེ་བེད་སྤྱོད་ཡག་པོ་བྱ་ཆེད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་གླིང་ཁུལ་གྱི་ཆུ་དམར་ལེབ་དོ་དམ་ཁྲུའུ་ཡི་སྣོད་བཅུད་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་ཀྱིས་ལོ་དྲུག་ནང་། ཞིང་འབྲོག་པར་པར་ལེན་སྒྲིག་ཆས་སྒྲིག་སྦྱོར་དང་པར་རྒྱག་གསོ་སྦྱོང་སྒྲིག་འཛུགས་བྱས་པ་རེད།  ད་ཆ་ང་ཚོའི་དཔུང་ཁག་ནང་གི་ཞིང་འབྲོག་པའི་པར་རྒྱག་ལག་རྩལ་ཧ་ཅང་ཡག་པོ་འདུག་ཅེས་དགའ་ཐར་གྱིས་དེ་ལྟར་བཤད། 


     སྣོད་བཅུད་ལ་བརྟེན་ནས་འཚོ་བ་སྐྱེལ་ཐུབ་ཡོད་མོད། འོན་ཀྱང་སྣོད་བཅུད་སྲུང་སྐྱོང་བྱས་ཚེ་གཞི་ནས་རྒྱུན་མཐུད་འཕེལ་རྒྱས་ཡོང་ཐུབ་པ་དེ་ནི་ང་ཚོ་གཙང་གསུམ་ཆུ་འགོའི་མི་དམངས་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱེད་པའི་ཁ་ཕྱོགས་ཤིག་ཡིན་པ་ང་ཚོས་གསལ་པོ་ཤེས་ཀྱི་ཡོད་ཅེས་བཤད། དགའ་ཐར་གྱིས་མིག་མདུན་གྱི་བརྩེ་བ་ཟབ་མོ་ལྡན་པའི་ས་གཞི་འདིར་བལྟས་ནས་རེ་བས་ཁེངས་འདུག






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1