རྒྱལ་སྤྱིའི་སྣུམ་གོང་འཕར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-09



      ཡོ་རོབ་མནའ་འབྲེལ་གྱིས་ཨུ་རུ་སུར་རྡོ་སྣུམ་སྐྱེལ་འདྲེན་བཀག་སྡོམ་བྱེད་རྩིས་ཡོད་པའི་དབང་གིས། ཁྲོམ་རར་སེམས་ཁྲལ་བསླངས་ནས། ཚེས་6ཉིན་རྒྱལ་སྤྱིའི་སྣུམ་གོང་འཕར་ཡོད་པ་རེད། 
     དེ་ཉིན་ཚོང་མཇུག་སྒྲིལ་བའི་བར། ཉིའུ་གཡོད་ཚོང་ཟོག་ཉོ་ཚོང་ཁང་གིས་ཟླ་6པར་དངོས་ཟོག་སྤྲད་པའི་ཡང་བའི་མ་བཅོས་རྡོ་སྣུམ་གྱི་དུས་བཅད་ཚོང་ཟོག་གི་རིན་གོང་ཨ་སྒོར་1.51འཕར་ནས། ཟོམ་རེར་ཨ་སྒོར་109.77བྱས་ཤིང་འཕར་ཚད་1.39%ཟིན་པ་དང་། ཟླ་7པར་དངོས་ཟོག་རྩིས་སྤྲོད་བྱས་པའི་ལོན་ཏོན་གྱི་པུའུ་ལུན་ཐེ་མ་བཅོས་རྡོ་སྣུམ་གྱི་དུས་བཅད་ཚོང་ཟོག་གི་རིན་གོང་ཨ་སྒོར་1.49འཕར་བ་དང་། ཟོམ་རེར་ཨ་སྒོར་112.39བྱས་ནས་འཕར་ཚད་1.34%ཟིན་ཡོད་པ་རེད།
     ཚེས་6ཉིན། ཨ་རིའི་སྣུམ་ཞིང་ལག་རྩལ་ཞབས་ཞུ་ཀུང་སི་པེ་ཁེ་ཞིའུ་སི་ཚང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། གཟའ་འཁོར་འདིར་ཨ་རིའི་རྡོ་སྣུམ་གསོར་འབིགས་འཕྲུལ་འཁོར་གྱི་གྲངས་འབོར་557ཟིན་པ་དེ། ཟླ་གོང་མའི་དུས་མཚུངས་ལས་5མང་དུ་ཕྱིན་པ་དང་། ལོ་གོང་མའི་དུས་མཚུངས་ལས་213མང་དུ་ཕྱིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1