༄༅།།མངའ་རིས་ཀྱི་ཁྱད་ལྡན་གྱོན་ཆས།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ། སྤེལ་དུས། 05-10


        སྤུ་ཧྲེང་རྫོང་ནི་བོད་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དང་མངའ་རིས་ས་ཁུལ་གྱི་ལྷོ་རྒྱུད་དུ་གནས་ཡོད། སྔར་ནས་ད་བར་དེ་གའི་དམིགས་བསལ་ཁྱད་ཆོས་ལྡན་པའི་གྱོན་ཆས་རིག་གནས་ཀྱིས་མི་མང་པོའི་མིག་དབང་འཕྲོག་བཞིན་ཡོད། སྤུ་ཧྲེང་རྫོང་གི་རྒྱན་གོས་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པ་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཅིག་རེད། སྤུ་ཧྲེང་རྫོང་དུ་ཚོན་མདོག་སྣ་ཚོགས་ཀྱི་ཕོ་མོའི་རྒྱན་གོས་རིགས12ཡོད་པའི་ནང་ཚབ་མཚོན་རང་བཞིན་ཆེ་ཤོས་ནི་སྤུ་ཧྲེང་རྫོང་གི“ཤོན”གྱོན་ཆས་ཡིན་པ་དང་། “མཁའ་དབྱིངས་ཀྱི་རྒྱན་གོས”ཞེས་བརྗོད་ཀྱི་ཡོད། མིག་སྔར་ཉར་ཚགས་ཡག་པོ་བྱས་པའི་གྱོན་ཆས་ཆ་ཚང8ལས་མེད་པ་རེད། ལུས་ལ་རྒྱན་གོས་གྱོན་རྗེས་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་ཤོན་བྲོ་ཞིག་འཁྲབ་ན། མི་རྣམས་ལ་གཞན་དང་མི་འདྲ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་ཀྱི་བྲོ་བ་མྱོང་འཇུག་ཐུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1