ཆོས་དབྱིངས་སྐྱིད་ལ་གསེར་གྱི་རྟགས་མ་ཐོབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-19



    ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་5པའི་ཚེས་16ཉིན་གྱི་སྔ་དྲོར། འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་འདུར་རྒྱུག་གི་སྐོར་སྐྱོད་འགྲན་བསྡུར་དེ་སི་ཕེན་གྱི་མ་ཏི་ལིར་གཉེར་ཡོད་པ་དང་། ཀྲུང་གོའི་འགྲན་ཞུགས་པ་ཆོས་དབྱིངས་སྐྱིད་ལ་སྐར་མ་43དང་སྐར་ཆ་07གྱི་རྒྱུག་འབྲས་༼མཇུག་མཐའི་བཟོ་བཅོས་སྐར་གྲངས་༽ཐོག་ནས་བུད་མེད་ཀྱི་སྤྱི་ལེ་10ཡི་འདུར་རྒྱུག་གི་ཨང་དང་པོ་བླངས་ཡོད། ཟླ་བ་གོང་མར། ཆོས་དབྱིངས་སྐྱིད་ཀྱིས་སི་ལོ་ཝ་ཁེ་ས་ཚིགས་ཀྱི་འགྲན་བསྡུར་ནང་བུད་མེད་གྱི་སྤྱི་ལེ་35ཡི་འདུར་རྒྱུག་གི་གསེར་གྱི་རྟགས་མ་བླངས་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1